87262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོག་ཁྱབ་ཀྱི་མཚན་ཉིད་ཟུར་དུ་ཉིད་སྨོས་པ་ (1)
Part of speech བྱ་ཚིག
Definition དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ཉིད་སྨོས་པ་ལ་དགོས་པ་ཡོད་དེ། མི་རྟག་པར་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་ལྡོག་ཁྱབ་ཡིན་པ་བཅད་པའི་ཆེད་དུ་ཡིན་པའི་ཕྱིར། ཚིག་དེ་ལ་བརྟེན་ནས་དེ་ཡིན་པ་ཁེགས་པར་འགྱུར་ཏེ། མི་རྟག་པར་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ན་མིན་པ་སྟེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་ན། མི་རྟག་པ་ཡིན་པས་ཀྱང་མ་ཁྱབ། མ་ཡིན་པས་ཀྱང་མ་ཁྱབ་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གློག་མི་རྟག་པ་ཡིན། ནམ་མཁའ་དེ་མ་ཡིན་པའི་ཕྱིར། དེ་ལྟར་ཡང་། འཐད་ལྡན་ཆུང་བ་ལས། ཉིད་སྨོས་པ་ནི། མི་མཐུན་པའི་ཕྱོགས་གཅིག་ལ་ཐུན་མོང་དུ་ཡོད་པ་བསལ་བ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ཉིད་བསྒྲུབ་པར་བྱ་བ་ལ་མི་རྟག་པ་ཉིད་ནི་མི་མཐུན་པའི་ཕྱོགས་གཅིག་གློག་ལ་སོགས་པ་ནི་ཡོད་པ་ཡིན་ལ། ནམ་མཁའ་ལ་སོགས་པ་ལ་ནི་མེད་པ་ཡིན་ནོ། །དེ་བས་ན་ངེས་འབྱེད་པ་འདི་བསལ་ཏོ། །
Domain ཚད་མ།