87265

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོག་ཁྱབ་ཀྱི་མཚན་ཉིད་ཟུར་དུ་མེད་པ་སྨོོས་པ་ (1)
Part of speech མིང་ཚིག
Definition དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དེའི་ཟུར་དུ་མེད་པ་སྨོས་པ་ལ་དགོས་པ་ཡོད་དེ། བྱས་པ་སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པ་བཅད་པའི་ཆེད་དུ་ཡིན་པའི་ཕྱིར། ཚིག་དེ་ལ་བརྟེན་ནས་དེ་ཡིན་པ་ཁེགས་པར་འགྱུར་ཏེ། བྱས་པ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། དེ་ལྟར་ཡང་། འཐད་ལྡན་ཆུང་བ་ལས། དེ་ལ་མེད་པ་སྨོས་པ་ནི་འགལ་བ་བསལ་བ་ཡིན་ཏེ། འགལ་བ་ནི་མི་མཐུན་ཕྱོགས་ལ་ཡོད་པ་ཡིན་ནོ། །
Domain ཚད་མ།