8727

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་གྱི་དོན་དང་མཐུན་པ་རྣམ་པ་བཅོ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ སྤྱོད་ལམ་དང་ཚུལ་དང་མཐུན་པར་གནས་པ་ལ་ལྟོས་པ། ༢ ཆོས་ལ་སེར་སྣ་དང་སློབ་དཔོན་གྱི་དཔེ་མཁྱུད་མེད་པར་སྟོན་པ། ༣ ཚིག་དང་ཡི་གེ་གོ་རིམ་བཞིན་དུ་སྟོན་པ། ༤ དོན་གོ་རིམ་བཞིན་དུ་སྟོན་པ། ༥ ཆོས་ཀྱང་དོན་དང་ལྡན་པ་དོན་ཀྱང་ཆོས་དང་ལྡན་པར་སྟོན་པ། ༦ ཡང་དག་པར་བསྟན་པར་འོས་པ་རྣམས་ལ་ཡང་དག་པར་སྟོན་པ། ༧ ཡང་དག་པར་འཛིན་དུ་གཞུག་པར་འོས་པ་རྣམས་ལ་ཡང་དག་པར་འཛིན་དུ་གཞུག་པ། ༨ ཡང་དག་པར་གཟེངས་བསྟོད་པར་འོས་པ་རྣམས་ལ་ཡང་དག་པར་གཟེངས་བསྟོད་པ། ༩ ཡང་དག་པར་དགའ་བར་བྱ་བར་འོས་པ་རྣམས་ལ་ཡང་དག་པར་དགའ་བར་བྱེད་པ། ༡༠ འཇུག་སླ་བར་སྟོན་པ། ༡༡ ཚད་མ་གསུམ་དང་ལྡན་པར་སྟོན་པ། ༡༢ བདེ་འགྲོར་འགྲོ་བ་དང༌། མཐུན་པར་སྟོན་པ། ༡༣ རྣམ་པར་མ་འཁྲུགས་པར་སྟོན་པ། ༡༤ འཕགས་པའི་བདེན་པ་དང་ལྡན་པར་སྟོན་པ། ༡༥ འཁོར་ཐམས་ཅད་དང་ལྡན་པར་སྟོན་པ་བཅས་སོ། །
Domain ཆོས་ལུགས།
གཞན་གྱི་དོན་དང་མཐུན་པ་རྣམ་པ་བཅོ་ལྔ་ (2)
Part of speech མིང་ཚིག
Definition མདོ་གཞན་ལས། ༡ དུས་བཞིན་དུ་སྟོན་པ། ༢ བཀུར་སྟི་བཞིན་དུ་སྟོན་པ། ༣ གོ་རིམ་བཞིན་དུ་སྟོན་པ། ༤ མཚམས་སྦྱོར་བ་བཞིན་དུ་སྟོན་པ། ༥ རྗེས་སུ་མཐུན་པ་བཞིན་དུ་སྟོན་པ། ༦ དགའ་བར་བྱེད་པ་བཞིན་དུ་སྟོན་པ། ༧ འདོད་པར་བྱེད་པ་བཞིན་དུ་སྟོན་པ། ༨ མགུ་བར་བྱེད་པ་བཞིན་དུ་སྟོན་པ། ༩ སྤྲོ་བར་བྱེད་པ་བཞིན་དུ་སྟོན་པ། ༡༠ སྨ་མི་འབེབས་པ་བཞིན་དུ་སྟོན་པ། ༡༡ རིགས་པ་བཞིན་དུ་སྟོན་པ། ༡༢ འཚམ་པ་བཞིན་དུ་སྟོན་པ། ༡༣ མ་འདྲེས་པ་བཞིན་དུ་སྟོན་པ། ༡༤ ཆོས་དང་ལྡན་པ་བཞིན་དུ་སྟོན་པ། ༡༥ འཁོར་ཇི་ལྟ་བ་བཞིན་དུ་སྟོན་ཏོ་ཞེས་གསུངས་པ་དང་གོ་རིམ་བཞིན་ནོ། །