From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལྡོག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ལྡོག་པའི་མཚན་ཉིད། རྟོག་པ་ལ་རིགས་མི་མཐུན་ལས་ལོག་པར་སྣང་བའི་ཆོས་གང་ཞིག དངོས་པོ་མ་ཡིན་པ། རྟོག་པ་ལ་གཟུགས་སུ་སྣང་བ་ལྟ་བུ། ཞེས་གསུངས།
|
| Domain
|
ཚད་མ།
|
ལྡོག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
གཞན་ལས་ལོག་པ་དང་དོན་འདྲ། མཉན་བྱ་ལྟ་བུ་གཅིག་ལ་མཚོན་ན། གཞི་བྱས་པ་ཡིན་པར་རིགས་མཐུན་པའི་སྒྲ་མ་ཡིན་པའི་ཀ་བ་དང་བུམ་པ་སོགས་ཀུན་ལས་ལོག་པར་ཏེ་ལྡོག་པ་དང་། གཞི་བྱས་པ་ཡིན་པར་རིགས་མི་མཐུན་པའི་ནམ་མཁའ་དང་རྟག་པ་སོགས་ཀུན་ལས་ལོག་པ་སྟེ་ལྡོག་པ། དེས་ན་མཉན་བྱ་དེ་རང་ཉིད་རང་མཚན་དངོས་པོའི་རྫས་སུ་གྲུབ་ལ་གཞན་རིགས་མཐུན་རིགས་མི་མཐུན་ཀུན་ལས་ལྡོག་པ་དེ་ཉིད་མཉན་བྱའི་གནས་ལུགས་ཡིན། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ཚིག་རྐང་ཕྱེད་དང་གསུམ་གྱིས་དངོས་པོའི་གནས་ལུགས་བསྟན་པ་དེ་ཉིད་ཀྱིས་ཀུན་རྫོབ་དང་གཞན་སེལ་གྱི་རྣམ་དབྱེ་འབད་མེད་དུ་འགྲུབ་པ་ཞེས་དང་། མཉན་བྱ་ཆོས་ཅན། སྒྲ་མ་ཡིན་པའི་ཀ་བུམ་སོགས་དང་། བྱས་པ་མ་ཡིན་པའི་རྟག་པ་སོགས་ལས་ལོག་པ་ཡིན་ཏེ། སྒྲའི་དོན་ལྡོག་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར། ཞེས་འགོད་པར་བྱ་བ་ཡིན་པའི་ཕྱིར། སྐབས་འདིར་རིགས་མཐུན་རིིགས་མི་མཐུན་ཀུན་ལས་ལོག་པར་གསུངས་པ་ནི། བྱས་པ་ལྟོས་ནས་ཡིན་ཏེ། རིགས་མཐུན་སྒྲ་མ་ཡིན་པའི་ཀ་བུམ་དང། རིགས་མི་མཐུན་བྱས་པ་མ་ཡིན་པའི་ནམ་མཁའ་སོགས་ལས་ལོག་པའོ། །
|