87279
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཟུགས་རྒྱན་ཉི་ཤུའི་ནང་གསེས་བཅུ་དྲུག་པ་སྟེ། ཐོག་མར་དཔེ་ཅན་དེ་ཉིད་དཔེའི་གཟུགས་སུ་བཀོད་ནས། སླར་ཡང་དེ་གཉིས་ཁྱད་ཆོས་མི་མཚུངས་པའི་དབང་གིས་སོ་སོར་དབྱེ་བ་འབྱེད་པ་ཞིག་ཡིན། |
| Example | བོད་མཁས་པས། སྦྲང་རྩིའི་བུ་ཡིས་ཆུ་སྐྱེས་བཅུད་འཐུང་ལ། །བདག་གིས་ཁྱོད་ཞལ་པདྨོའི་མཛེས་སྡུག་འཐུང། ། པདྨ་དེ་ནི་གདོས་བཅས་བེམ་ཆོས་ཏེ། །ཁྱོད་ཀྱི་ཞལ་ནི་སྣང་སྟོང་སྒྱུ་མའི་འཕྲུལ། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |