87280

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོག་པ་ཅན་གྱི་རྒྱན་ (1)
Part of speech མིང་ཚིག
Definition སྙན་ངག་མེ་ལོང་མ་དོན་རྒྱན་སོ་ལྔའི་ནང་གསེས་བརྒྱད་པ་སྟེ། མཚུངས་པའི་སྒྲས་དངོས་སུ་ཟིན་པའམ། དོན་གྱི་ཤུགས་དང་སྐབས་ཐོབ་གང་རུང་ལ་བརྟེན་ནས་བརྗོད་འདོད་ཀྱི་དངོས་པོ་གཉིས་རྒྱུ་མཚན་འགའ་ཞིག་གི་སྒོ་ནས་ཕན་ཚུན་མཚུངས་པར་བརྗོད་དེ། སླར་ཡང་དངོས་པོ་རང་རང་ལ་གནས་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་དབྱེ་བ་འགའ་ཞིག་བརྗོད་པས་མི་མཚུངས་པར་སྟོན་པ་སྟེ། མཚུངས་པ་ལས་ལྡོག་པར་བརྗོད་པའི་ཕྱིར་ན་ལྡོག་པ་ཅན་ཞེས་ཟེར།
Domain རྩོམ་རིག