87286
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་མི་མཐུན་པའི་དཔེ་ལྟར་སྣང་ལྔའི་ནང་གསེས། གཏན་ཚིགས་རིག་པའི་སྦྱོར་བ་འགོད་ཚུལ་གྱི་ཆོས་མི་མཐུན་པའི་དཔེ་དེ་ལྡོག་པ་མ་བསྟན་པའི་སྐྱོན་ལ་ཟེར། སྒྲ་ཆོས་ཅན། རྟག་སྟེ། ཐོགས་པ་མེད་པའི་ཕྱིར། ཆོས་མི་མཐུན་པའི་དཔེར་མི་རྟག་པ་རྣམས་ཐོགས་བཅས་ཡིན་པས། |
| Example | བུམ་པ་བཞིན་ཞེས་བརྗོད་ན། འདིར་མི་རྟག་པ་ཉིད་དང༌། ཐོགས་བཅས་སུ་མཐོང་བ་ཙམ་བརྗོད་པ་ལས། ཐོགས་བཅས་ནི་མི་རྟག་པའི་འབྲེལ་གཞིར་མི་འཇོག་པས། ཐོགས་མེད་ཀྱི་རྟགས་སུ་རྟག་པའི་བསྒྲུབ་བྱའི་རྗེས་སུ་འབྲང་རྒྱུ་བསྟན་མ་ཐུབ་པས་སྐྱོན་དུ་གྱུར་ཏོ། |
| Domain | ཚད་མ། |