87287
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཔེར་ན་མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་ཤར་གྱི་གཞི་ན་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་མ་ཡིན་པར་ཐལ། གྲང་རེག་སྟོབས་ཆེན་ཡུན་རིང་དུ་གནས་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེའི་དགག་བྱའི་ཆོས་ལ་མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་དེ་སོང་། དེའི་རང་བཞིན་ལ་ཚ་ཞིང་སྲེག་པ་སྟོབས་ཆེན་པོས་ཁྱབ་པ་གནོན་པ་སོང། དེ་དང་འགལ་བར་བསིལ་རེག་སྟོབས་ཆེན་ཡུན་རིང་དུ་གནས་པ་དེ་སོང། དེའི་རང་བཞིན་ལ་གྲང་རེག་སྟོབས་ཆེན་ཡུན་རིང་དུ་གནས་པ་དེ་སོང་བའི་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་ཡང་དག་དེའི་རྟགས་ཀྱི་ལོག་ཕྱོགས་བསྒྲུབ་བྱའི་ཆོས་སུ་བཟུང་བ་དང་། བསལ་བའི་ལོག་ཕྱོགས་རྟགས་སུ་བཀོད་ན་ཡང་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཡང་དག་ཏུ་འགྲོ་བ། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་ཤར་གྱི་གཞི་ན་ཆོས་ཅན། གྲང་རེག་སྟོབས་ཆེན་ཡུན་རིང་དུ་གནས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་ཕྱིར། ཞེས་པའི་སྦྱོར་བ་ཡང་དག་དེའི་དགག་བྱའི་ཆོས་ལ་གྲང་རེག་སྟོབས་ཆེན་ཡུན་རིང་དུ་གནས་པ་དེ་སོང་། དེའི་རང་བཞིན་ལ་བསིལ་རེག་སྟོབས་ཆེན་ཡུན་རིང་དུ་གནས་པ་དེ་སོང། དེ་དང་འགལ་བར་ཚ་ཞིང་སྲེག་པ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་དེ་སོང། དེའི་རང་བཞིན་ལ་མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་དེ་སོང་བའི་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཡང་དག་འཕེན་པའི་ཐལ་ངག་རྣམ་དག་ལྟ་བུ། ཐལ་འགྱུར་དེ་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་ཡིན་པ་བཞིན་དུ་ཐལ་འགྱུར་དེས་འཕངས་པའི་རྟགས་སྦྱོར་དེ་ཡང་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་སྦྱོར་ཡང་དག་ཏུ་འགྲོ་བ་དང་། ཐལ་འགྱུར་དེ་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་ཡིན་པ་བཞིན་དུ་ཐལ་འགྱུར་དེས་འཕངས་པའི་རྟགས་སྦྱོར་དེ་ཡང་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་སྦྱོར་ཡང་དག་ཏུ་འགྲོ་བ་ལྟ་བུའི་ཐལ་འགྱུར་དེ་དང་དེའི་རྟགས་ལོག་བསྒྲུབ་བྱའི་ཆོས་དང་བསྒྲུབ་བྱའི་ཆོས་ཀྱི་ལོག་ཕྱོགས་རྟགས་སུ་འཕངས་པའི་སྦྱོར་བ་ཡང་རང་དང་རིགས་གཅིག་པ་འཕེན་པའི་ཐལ་འགྱུར་ཡང་དག་ཅིག་ལ་ལྡོག་པ་རང་རིགས་འཕེན་པའི་ཐལ་འགྱུར་ཡང་དག་ཅེས་བྱ་སྟེ། དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གང་ཞིག ལྡོག་པ་རང་རྒྱུད་རང་དང་མིང་རིགས་གཅིག་པར་འཕེན་པའི་ཐལ་ངག་རྣམ་དག་དེ། ལྡོག་པ་རང་རིགས་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། ཅེས་གསུངས། |
| Domain | ཚད་མ། |