87298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོག་ལོང་པ་ཤཱཀྱ་བྱང་ཆུབ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གསུམ་པའི་མགོར་ལྡོག་ཡུལ་སྨད་དུ་འཁྲུངས། དགུང་ལོ་བདུན་པར་ཡི་གེའི་འབྲི་ཀློག་སྦྱངས། རབ་ཏུ་ཡང་བྱུང་། བཅོ་ལྔ་པར་ཕར་ཕྱིན་དང་འདུལ་བ་ལེགས་པར་མཁྱེན། སློབ་མའི་ཚོགས་ལ་སྦྲགས་བཤད་མཛད། ལྷག་ཏུ་འདུལ་བ་ལ་མཁས། འདུལ་འཛིན་གྱི་སྐྱེས་བུ་མང་དུ་བསྐྱངས། ཐུགས་དམ་གྱི་མཐིལ་སྨན་བླ་དང་སྒྲོལ་མས་ཞལ་གཟིགས། སེང་ལྡེང་ནགས་སྒྲོལ་གྱིས་ཞལ་གཟིགས། ལྡོག་སྟོད་ཀྱི་དགོན་པ་འདེབས་པར་ལུང་བསྟན། རྩེ་འདུལ་ལས་འཕགས་པའི་སྒྲུབ་ཐབས་ཞུས་དགོས་ལུང་བསྟན་བཞིན་བསྒྲུབས། བླ་མ་རྩི་འདུལ་ལ་བསྙུང་གནས་སྟོང་ཕྲག་ལྔའི་དམ་བཅའ་མཛད་པས། སུམ་བརྒྱ་ཐེངས་པའི་དངོས་གཞིའི་ནུབ་མོར་འཕགས་སྤྱན་རས་གཟིགས་ཀྱིས་རིགས་ཀྱི་བུ་འོངས་བ་ལེགས་སོ་གསུངས་ནས་འོད་དཀར་སྙིང་གར་ཐིམ་པའི་ལུས་བདེ་བས་གང་། མ་ཤི་བར་དུ་སེམས་ཅན་གྱི་དོན་གྱིས། ཤི་ནས་ངས་འབོད་དུ་བཏང་གསུངས། ཉིན་མོ་སྡེ་སྣོད་ཀྱི་འཆད་ཉན་གང་མོས་མཛད། མཚན་མོ་འཕགས་པའི་སྒྲུབ་ཐབས་ཉམས་ལེན་གནང། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས། ཞིང་གཞན་དུ་སྐུ་གཤེགས། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་བརྒྱུད་པའི་གདམས་རྒྱུན་འཛིན་མཁན་ཡིན། མཆོག་ཏུ་གྱུར་པའི་སློབ་མ་ནི་མཁན་ཆེན་ཆུ་བཟང་པ་བྱང་ཆུབ་འབར་ཡིན།