87304

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོང་རོས་ (1)
Part of speech མིང་ཚིག
Definition རྡོ་མདོག་དམར་སེར་མདངས་ཤིན་ཏུ་གསལ་བ་ཞིག་སྟེ། དབྱིབས་དང་ཆེ་ཆུང་མ་ངེས་ཤིང༌། ངོ་བོ་ལྕི་ཞིང་སྙི་ཁྲོབ་སེན་མོས་ཕལ་ཆེར་ཐུབ་པ། མུ་ཟིའི་དྲི་འདྲ་ལ་དམིགས་བསལ་གྱི་དྲི་ངན་མནམ་པ། མེར་བསྲེག་ན་དུད་པ་སེར་པོ་བཅས་འཇུ་བ་དེ་ལ་རིགས་གཉིས་ཏེ། དམར་པོ་ཤིན་ཏུ་དྭངས་པས་ཕྱི་ནང་མི་སྒྲིབ་པ་ལྟ་བུ་མོ། སྨུག་ལ་སྣ་ཐུང་བ་ཕོ་སྟེ། སྔ་མ་བཟང་ལ་ཕྱི་མ་དམན་པ། འདི་དངུལ་དང་ཞ་ཉེ། ལྕགས་རྡོ་སེར་པོ། ཅོང་ཞི་སོགས་ཡོད་པའི་དྲོད་ཚད་དམའ་བའི་ཚ་ཆུའི་གཏེར་ཁ་ཡོད་ས་དང༌། ཆུ་ཚན་དང༌། མེ་རིའི་ཉེ་འཁོར་སོགས་སུ་ཡོད་པ། སྤྱིར་བཏང་བ་བླ་དང་མཉམ་དུ་གནས་པ། ས་འོག་ཏུ་གནས་པ་སྙི་ཞིང་འབོལ་བ་འཇིམ་པ་ལྟ་བུ་དང༌། སྐམ་ནས་མཁའ་རླུང་ཕོག་པ་རྣམས་མཁྲེགས་པོར་འགྱུར་བ། ཉི་རླུང་ཕོག་སར་ཡུན་རིང་བཞག་ན་ཕྱི་ནས་རིམ་བཞིན་སེར་པོ་སྟེ་བ་བླར་འགྱུར་བ། འཇུ་སླ་ཞིང་ཞུ་ནས་ཁུ་བ་སྨུག་པོར་འབབ་པ། དེ་གྲང་རྗེས་དམར་སེར་སྲ་མཁྲེགས་འོད་དང་ལྡན་པར་འགྱུར་བའོ། །རོ་ཚ་ཁ། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་ཅུང་རྩུབ་པ་འདི་ཕྱིའི་པགས་ནད་སོགས་ལ་བྱུགས་པར་དུག་འདོན་དམིགས་བསལ་མི་དགོས་ཤིང༌། ཁོང་དུ་བསྟེན་ན་དུག་འདོན་ཚུལ་བཞིན་བྱས་པས་རྨ་ངན་དང༌། རྨེན་བུའི་ནད། པགས་ནད་ཆུ་སེར་གྱི་ནད། སྲིན་ནད། སྦྲུལ་སྡིག་དང་དུག་སྦྲང་བཅས་ཀྱིས་སོ་དུག་འཇོམས་ལ། བསེ་དྲི་སེལ་བ་དང༌། ཁྱད་པར་གག་པ་དང་ལྕེ་སྐྲངས་འཇོམས་པར་བྱེད་པ་ཞིག་ཡིན།
Synonyms མ་ནོ་ཧ། མ་ནི་ཚ། གླུ་ལྕེ་བ། ཡིད་འབོད་མ། དྲོ་རྡོ། མུ་ཟི་དྲི། བ་ན་རི་སྐྱེས། བལ་བོ་སྐྱེས། མན་ཤེལ། དམར་པོ་དྲི་ལྡན།

{{#arraymap:ལྡོང་རོས་

|; |@@@ | | }}