From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལྭ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
དབྱིབས་རིང་ལ་ཕུ་ཐུང་ཡོད་པ་སྐ་རགས་བཅིང་དགོས་པའི་གོས་སམ་གྱོན་པའི་རིགས་ཏེ།
|
| Example
|
བུད་མེད་ཀྱི་ལྭ་བ། ལྭ་བ་དེ་ཁོ་ལ་ཆེ་དྲགས་འདུག་ཅེས་པ་ལྟ་བུ།
|
ལྭ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
ལས་གནས་སྡེ་ཚན་བྱེ་བྲག་པའི་གོན་རྒྱུའི་གོས་དམིགས་བསལ་བ་འགྲིག་ཆས་ཟེར་བ་སྟེ།
|
| Example
|
དམག་མིའི་ལྭ་བ། སྨན་པའི་ལྭ་བ། སློབ་མའི་ལྭ་བ་ཞེས་པ་ལྟ་བུ།
|
ལྭ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
ཆགས་སུ་མ་བཅགས་པའི་སྣམ་བུ་སྤུ་ཅན་ཞིག
|