From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལྷ་ (1)
| Part of speech
|
མིང་ཚིག
|
| Definition
|
མིའི་རྒྱལ་པོའི་ཆེ་བརྗོད་དེ།
|
| Example
|
མིའི་ལྷ་དབང༌། ཡབ་ལྷ། ལྷ་སྲས་ཞེས་པ་ལྟ་བུ།
|
ལྷ་ (2)
| Part of speech
|
མིང་ཚིག
|
| Definition
|
བོད་ཀྱི་གདུང་རུས་ཤིག
|
| Example
|
ལྷ་རིགས་རླངས་ཀྱི་གདུང་རབས་ལྟ་བུ།
|
ལྷ་ (3)
| Part of speech
|
མིང་ཚིག
|
| Definition
|
སངས་རྒྱས་ཏེ་སྔགས་ལམ་གྱི་བསྒོམ་བྱའི་ཡི་དམ་སྟེ།
|
| Example
|
ལྷ་སྒོམ་པ། ལྷ་འགུགས་པ། ལྷ་ཁྲོ་བོ། ལྷ་ཞི་བ་ལྟ་བུ།
|
| Domain
|
ཆོས་ལུགས།
|
ལྷ་ (4)
| Part of speech
|
མིང་ཚིག
|
| Definition
|
འགྲོ་བ་རིགས་དྲུག་གི་ནང་གསེས་མཆོག་ཏུ་གྱུར་བའི་ཡོན་ཏན་དང་ལྡན་པ་ཞིག་སྟེ། མངོན་ཤེས་ཡོད་པ། མཐུ་སྟོབས་ཆེ་བ། ལོངས་སྤྱོད་ཡིད་བཞིན་དུ་གྲུབ་པ། སྡུག་བསྔལ་ཉུང་བ། ཚེ་ཐག་ཧ་ཅང་རིང་བ་དང་བཅས་པའི་རིགས་ཅན་ཞིག་ཡིན།
|
| Keyword
|
True
|
| Synonyms
|
སྐབས་གསུམ་པ། མཁའ་འགྲོ། དགེ་སྐྱེས། ངག་གི་མཚོན་ཆ། བཅུད་ལྡན། མཐོ་རིས་གནས་བྱེད། བདུད་རྩི་སྐྱེས། འདོད་གཟུགས་ཅན། སྦྱིན་སྐྱེས་དགྲ། མི་གཅོད་མའི་བུ། མེ་སྦྱིན་སྐྱེས། མེ་ཞལ། རྨི་ལམ་མེད། ཚིགས་བཟང་། ཚེ་རིང་། ཚོགས་བཟང་། ཡིད་བཟང་། རྀ་ཡིག་སྐྱེས། ལེགས་བྲིས། ཨ་དི་ཏིའི་བུ། ལྷའི་ཡོན་ཏན་བདུན། ལྷ་ཆེན་བརྒྱད། དེ་བཿ། གནམ། མཁའ་སྤྱོད། མཁའ་ལ་རྒྱུ། དགའ་ལྡན། བདེ་འགྲོ་ཅན། བདེ་འགྲོ། སྐྱོ་མེད། ཚིག་མདའ་ཅན། བཅུད་ལྡན། མཁའ་ཁྱིམ་ཅན། མཁའ་ལ་གནས། མཁར་ཉལ། གནམ་ལ་གནས། བདུད་རྩི་ཟས། བདུད་རྩི་ཅན། ལྷ་མིན་དགྲ། མི་གཅོད་སྐྱེས། མི་གཅོད་དགའ། མེ་སྦྱིན་བུ། མེ་སྦྱིན་དགའ། སྦྱིན་སྲེག་ཟ། མཆོད་པ་ལེན་པ། མིག་མི་འཛུམ། རྣམ་སད། གཉིད་མེད། གཉིད་སད། འཆི་མེད། མི་འཆི་བ། རྒས་མེད། རྀ་ཡིག་བུ། ཨ་དི་ཏིའི་བུ།
|
ལྷ་ (5)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་བརྒྱད་དེ། ཁྱབ་འཇུག ཚངས་པ། བརྒྱ་བྱིན། བདག་ཕྱག་ཆེན་པོ། འདོད་པའི་དབང་ཕྱུག ཚོགས་བདག བྷྲྀངྒི་རི་ངྷི། གཞོན་ནུ་གདོང་དྲུག་བཅས་ལྷ་ཆེན་བརྒྱད་ཡོད་པས་དེ་ལྟར་བཏགས།
|
| Type
|
མངོན་བརྗོད།
|