87347
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ཕྱི་ལོ་ ༡༦༨༣ ལོར་མདོ་སྨད་དུ་ཀླུ་ཤོད་དུ་སྐུ་འཁྲུངས། ཆུང་དུས་ནས་སྐུ་གོང་མའི་སྤྲུལ་སྐུར་ངོས་བཟུང་། རྒྱལ་མོ་བསམ་གྲུབ་གླིང་གི་གདན་སར་བཀོད།བཤེས་གཉེན་མང་པོར་ལས་གསོ་བ་རིག་པ་དང་། སྒྲ་སྙན་ངག རྩིས་དཀར་ནག་བཅས་མཁས་པར་སྦྱངས། ཉི་ཤུ་པར་དབུས་ཀྱི་འབྲས་སྤུངས་སྒོ་མང་གྲ་ཚང་དུ་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཛད། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་དང་། རིག་འཛིན་འཇམ་དབྱངས་གྲགས་པ་རྣམ་གཉིས་ལས་ཐུན་མིན་གྱི་ཟབ་ཆོས་མང་དུ་གསན། རྒྱལ་དབང་མཆོག་ནས་ཧུ་ཐོག་ཐུ་མེ་རྒན་ཟབ་ཆོས་རྗེའི་ཆོ་ལོ་དང་བཀའ་ཤོག་སྩལ། རང་ཡུལ་གྱི་དགོན་པ་གསར་དུ་སྤོས། མཆོད་གཞིས་དུ་མ་མངའ་འོག་ཏུ་བཅུག གྲྭ་ཚོགས་ཉིས་སྟོང་དུ་ཉེ་བ་མཉམ་ཚོགས་ཀྱི་སྲོལ་བྱུང། དབོན་པོ་བསོད་ནམས་ལྷུན་གྲུབ་ལ་གདན་ས་གཏད། བྲག་ལུང་དུ་སྒོམ་སྒྲུབ་ཉམས་ལེན་མཛད། ང་གསུམ་པ་རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ཕྱི་ལོ་ ༡༧༣༦ ལོར་སྐུ་གཤེགས། གསུང་རྩོམ་ནི་བསྟོད་པ་རིན་ཆེན་ཕྲེང་མཛེས་སོགས་འགའ་རེ་བཞུགས། ལྷ་ཁང་ལུང་པའི་སྐུ་ཕྲེང་གཉིས་པ་ཡིན། |