87348

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཁང་ལུང་པ་དགེ་འདུན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ཕྱི་ལོ་ ༡༦༦༢ ལོར་མདོ་སྨད་རྔོག་རིགས་སུ་འཁྲུངས། ཆུང་དུས་ནས་སྐུ་གོང་མའི་སྤྲུལ་སྐུར་ངོས་བཟུང་། རྒྱལ་མོ་བསམ་གྲུབ་གླིང་གི་གདན་སར་བཀོད། དགུང་ལོ་བདུན་པར་བཀྲ་ཤིས་འཁྱིལ་དུ་བསེ་ངག་དབང་བཀྲ་ཤིས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། ལམ་རིམ་དང་། སྔགས་རིམ་ཆེན་མོ། མཁས་གྲུབ་བརྒྱུད་སྡེ་སྤྱི་རྣམ། བདེ་ལམ་རྣམས་མཁས་པར་སྦྱངས། དགེ་འདུན་མཆོག་ལྡན་ལས་སྒྲ་རིག་པ་དང་། གསོ་བ་རིག་པ། རྩིས་དཀར་ནག་སོགས་ལ་ཐོས་བསམ་གནང་། ཉི་ཤུ་པར་སྡེ་ཁྲི་བློ་བཟང་དོན་གྲུབ་ལས་བསྙེན་པར་རྫོགས། བཀའ་འགྱུར་བ་བློ་བཟང་ཉི་མ། ཡ་ཕུའི་དཔོན་སློབ་བརྩོན་འགྲུས་བཟང་པོ། འདུལ་འཛིན་བསོད་ནམས་བཟང་པོ་སོགས་ལས་མདོ་སྔགས་ཀྱི་ཟབ་ཆོས་དུ་མ་དང་། ཐང་ཚང་བློ་བཟང་ཤེས་རབ་ལས་བཀའ་འགྱུར་གྱི་ལུང་། ཁྱད་པར་དུ་སྟོབས་ལྡན་སྔགས་རམས་པ་ལས་སྔགས་ཕྱོགས་མང་དུ་གསན། ཉེར་དྲུག་པར་དབུས་སུ་མཆོད་མཇལ་མཛད། ཞེ་ལྔ་པར་ཀུན་མཁྱེན་འཇམ་དབྱངས་བཞད་པ་རང་དགོན་དུ་གདན་དྲངས། དཔའ་གཅིག་གི་དབང་ཞུས། དོན་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ཕྱི་ལོ་༡༧༣༧ ལོར་སྐུ་གཤེགས། ལྷ་ཁང་ལུང་པའི་སྐུ་ཕྲེང་གསུམ་པ་ཡིན།