87349

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཁང་ལུང་པ་ཡོན་ཏན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་ལྕགས་ཁྱི་ཕྱི་ལོ་ ༡༦༡༠ ལོར་མདོ་སྨད་ལྷ་ཁང་ལུང་པའི་ལྟག་ཏུ་རེབ་ཚའི་རིགས་སུ་འཁྲུངས། དགུང་ལོ་བཞི་པ་ནས་དམིགས་བརྩེ་མ་དང་ཨ་ར་པ་ཙ་ཞལ་འདོན་མཛད། སྤྲུལ་སྐུ་དགེ་ལེགས་ཆོས་དར་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། ཡི་གེའིི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་མཁས་པར་སྦྱངས། བཅུ་བདུན་པར་དབུས་སུ་བྱོན། དགའ་ལྡན་དགོན་པར་ཞུགས། གཞུང་བཀའ་པོོད་ལྔ་དང་། རྒྱུད་སྡེ་བཞི་བཅས་ལ་ཐོས་བསམ་ཡ་མ་བྲལ་བ་མཛད། མདོ་སྨད་རང་དགོན་རྒྱལ་མོ་བསམ་གྲུབ་གླིང་གི་གདན་ས་བསྐྱངས། མདོ་སྔགས་ཆོས་ཀྱི་འཆད་ཉན་སྤེལ། རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་༡༦༨༢ ལོར་སྐུ་གཤེགས། ལྷ་ཁང་ལུང་པའི་སྐུ་ཕྲེང་དང་པོ་ཡིན།