87365

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་གཤེན་སྲིད་གསུམ་ (1)
Part of speech མིང་ཚིག
Definition བོན། ལྷ་ནི་གཤེན་ལྷ་འོད་དཀར་དང། །གཤེན་ནི་སྟོན་པ་གཤེན་རབ་མི་བོ། །སྲིད་ནི་སྲིད་པའི་རྒྱལ་པོའམ་སངས་པོ་འབུམ་ཁྲི་སྟེ། །མདོ་དྲི་མེད་གཟི་བརྗིད་པོད་བཅུ་གཅིག་ལས། །ལྷ་དང་གཤེན་དང་སྲིད་པ་གསུམ། །བསྟན་པ་གཅིག་ལ་གནས་པ་ལ། །ལྷ་ནི་འོག་མིན་གནས་སུ་བཞུགས། །ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ། །བསྐྱོད་པ་མེད་པར་མཉམ་གནས་ཀྱང་། །མི་གཡོ་ཐུགས་རྗེ་གར་ཡང་ཁྱབ། །བདག་ནི་ཡེ་སངས་གནས་མཆོག་ནས། །ཐབས་ཀྱི་འགྲོ་བའི་དོན་མཛད་ཕྱིར། །སྣང་ཞིང་སྲིད་པ་ཤུགས་ཀྱིས་བསྐྱེད། །ཁྱེད་ནི་འགྲོ་བའི་དོན་ཆེད་དུ། །འགྲོ་བ་མི་རུ་སྐྱེ་བ་བཞེས། །ཆེད་བཞེས་བསྟན་པའི་གཙོ་བོར་འཁྲུངས། །ཞེས་སོ། །ལུང་དེས་ལྷ་གཤེན་སྲིད་གསུམ་བསྟན་པ་གཅིག་ལ་གནས་པ་དང་། རང་རང་གི་བྱེད་ལས་སོགས་བསྟན་པའོ། །
Domain ཆོས་ལུགས།