87372
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་ཤིང་ཕག་ཕྱི་ལོ་ ༡༣༣༥ ལོར་འཁྲུངས། བུ་སྟོན་རིན་ཆེན་གྲུབ་སོགས་བཤེས་གཉེན་མང་པོ་ལས་འདུལ་བ་དང་། བརྟག་གཉིས། སྤྱོད་འཇུག ཤེས་རབ་བརྒྱ་བ། དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས། སྦྱོར་དྲུག་གི་ཁྲིད། གསང་འདུས་རིམ་ལྔའི་ཁྲིད། བློ་སྦྱོང་དོན་བདུན་མ། དབུ་སེམས་ཀྱི་སེམས་བསྐྱེད། ལམ་འབྲས། བདེ་མཆོག་སྙན་བརྒྱུད། དུས་ཞབས་སྙན་བརྒྱུད། གདན་བཞིའི་འགྲེལ་བ་བཅས་ཞུས། དགེ་ཚུལ་སློང་གི་སྡོམ་པ་བཞེས། ཆོས་རྗེ་བཀྲ་ཤིས་འོད་ལས་བཀའ་གདམས་པའི་ལམ་རིམ་དང་། བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར་དང་། ནཱ་རོ་ཆོས་དྲུག ཕྱག་རྒྱ་ཆེན་པོ། བཀའ་བརྒྱུད་སྙན་བརྒྱུད་བཅས་ཞུས་ཏེ། སྒོམ་སྒྲུབ་ཉམས་ལེན་གནང། རབ་བྱུང་དྲུག་པའི་ལྕགས་ཡོས་ཕྱི་ལོ་ ༡༣༥༡ ལོར་གཡའ་བཟང་དགོན་པའི་གདན་སར་ཕེབས། དགེ་འདུན་གྱི་ཚོགས་བསྐྱངས། གཙུག་ལག་ཁང་ཞིག་གསོ་དང་རྟེན་གསུམ་བཞེངས་། ཆོས་རྗེ་ལྷ་ཁང་སྟེངས་པས་ཆོས་མང་དུ་ཞུས། གདན་ས་ལོ་ངོ་ང་བཞིའི་རིང་བསྐྱངས། བདུན་ཅུ་པ་ རབ་བྱུང་བདུན་པའི་ཤིང་སྤྲེལ་ཕྱི་ལོ་ ༡༤༠༤ ལོར་སྐུ་གཤེགས། གཡའ་བཟང་དགོན་པའི་གདན་རབས་བདུན་པ་ཡིན། |