From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཞན་གྱིས་མི་ཐུབ་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ལྷ་ཁྲོ་བོ་ཞིག་སྟེ། གཞན་གྱིས་མི་ཐུབ་པ་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་ན་རིན་པོ་ཆེ་དང་བེ་ཅོན། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ་དང༌། མཆེ་བ་གཙིགས་ཤིང་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་དམར་སེར་འབར་ཞིང་གྱེན་དུ་འཁྱིལ་བ། འཁོར་དང་རྣ་ཆ་ལ་སོགས་པས་བརྒྱན་ཅིང་སྣ་ཚོགས་པའི་སྤྲུལ་གྱི་རྒྱན་ཅན་གཡོན་བརྐྱངས་ཀྱིས་འཁོད་པའོ། །གཞན་གྱིས་མི་ཐུབ་མའི་སྒྲུབ་ཐབས། ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར།
|
གཞན་གྱིས་མི་ཐུབ་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ཕ་རོལ་པོས་གནོད་མི་ནུས་པའི་དོན།
|
གཞན་གྱིས་མི་ཐུབ་པ་ (3)
| Part of speech
|
མིང་ཚིག
|
| Definition
|
སྤང་རྒྱན་སྟེ། སྤང་རྒྱན་རིགས་གསུམ་སོས་ཀ་ཡར་སྐྱེ་དུས། སྔོ་སྨན་ཐམས་ཅད་མི་སྐྱེ་བའི་རང་དབང་མེད་པ་དང་། སྟོན་གསུམ་འདི་དག་བཞད་རྗེས། སྔོ་སྨན་ཀུན་མི་འགྲོ་རང་དབང་མེད་པས་སོ། །
|
| Type
|
མངོན་བརྗོད།
|