87380
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔའི་གཙོ་བོ་ཡིན་ལ་རྒྱལ་བ་རིགས་ལྔའི་ནང་ཚན་ཡང་ཡིན། གནས་ནི། དཀྱིལ་འཁོར་དབུས་ཕྱོགས་མཁའ་ཡངས་གསས་མཁར་ལ། ལྷ་སྟེགས་ཀྱི་གདན་ནི། རྩལ་ཆེན་སེང་གེའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། སྐུ་ལ་ཤེལ་དཀར་ན་བཟའ་ལ་རིན་ཆེན་གཡུའི་གོང་ལག་ཅན། དབུ་ལ་རིན་ཆེན་པྲོག་ཞུ་ལ་རིན་ཆེན་འོད་ཀྱི་ཐོད་ལྡིང་བརྒྱན་པ། གཡས་པས་འོད་ཀྱི་འཁོར་ལོ། གཡོན་པས་ཐབས་ཀྱི་ཞགས་པ་བསྣམས་སོ། །ཕྱག་རྒྱའི་ཡུམ་ནི་ནམ་མཁའི་ལྷ་མོ་མཁའ་ཡངས་གདོས་བྲལ་མ་ཡུམ་ལ་བསྟེན་པའོ། །སྐུ་གསུང་ཐུགས་སོགས་ཀྱི་ཕྲིན་ལས་ནི། སྐུ་ལ་ཕྱག་རྒྱ། གསུང་ལ་འཛབ་དབྱངས། ཐུགས་ལ་འོད་ཟེེར། ལེགས་པའི་ཡོན་ཏན། ལྷུན་འགྲུབ་ཕྲིན་ལས་བཅས་ཡོངས་སུ་རྫོགས་པར་མངའ་བ་ཞིག་གོ ། ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷན་ནེ་འདུ་འདུ་ཨཱ། ཞེས་པའམ་ཨཱ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷན་ནེ་ཐབས། ཨཱ་ནི་ལྷ་ཆེན་ཀུན་སྣང་ཁྱབ་པ་མཚོན་ནོ། །ཡིག་འབྲུ་སོགས་ཀྱི་བསྐྱེད་གནས་ནི། ལུས་ཀྱི་སྙིང་གི་དཀྱིིལ་དུའོ། །བྱེད་ལས་ནི། རྣམ་ཤེས་ཕུང་པོའི་བདུད་བཅོམ་ནས་ཀུན་སྣང་ཁྱབ་པ་བསྐྱེད་པའི་ས་བོན་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་བོན་སྐུ་བདེ་ཆེན་དང་གཤེན་ལྷ་འོད་དཀར་གྱི་སྐུ་རུ་འཐོབ་ལ། མ་རྟོགས་ན་ཞེ་སྡང་གི་ས་བོན་དུ་རྒྱུ་སྟེ་དམྱལ་བའི་ཞིང་དུ་ཤར་བར་གསུངས་སོ། །ཞེས་པ་དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། ། |
| Domain | ཆོས་ལུགས། |