87381

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཆེན་ཁྲི་བཞི་ནམ་ཏིང་ (1)
Part of speech མིང་ཚིག
Definition བོན། ཀུན་དབྱིངས་དཀྱིལ་འཁོར་ཕོ་བྲང་གི་ནུབ་ཏུ་གནས་པའི་ལྷ་གཙོ་བོ་ཡིན། དེ་ལ་ཅིར་ཡང་སྤྲུལ་སྐུ་ཁྲི་བཞི་ནམ་ཏིང་ཡང་བྱ་སྟེ། དེའི་ཆ་ལུགས་སོགས་ནི། གཡུ་འབྲུག་འདེགས་པའི་ཁྲི་དང། ཉི་ཟླ་པད་གདན་གྱི་ཁ་ལ་དཀྱིལ་སྐྲུང་དུ་བཞུགས་ཤིང་། དམར་པོའི་སྐུ་ལ་ཤེལ་གྱི་ཐོད་རྡིང་དང་ཞི་རྒྱན་སོགས་ཀྱིས་སྒེག་ཉམས་སྤྲས་པ། ཕྱག་གཡས་ཀྱིས་པད་མ་དམར་པོ་དང། གཡོན་པས་མཉམ་བཞག་གི་མཐིལ་ལ་ཡོན་ཏན་གྱི་རྃ་ཡིག་བསྣམས་པ་ཞིག་ཡིན་པ་གཟི་བརྗིད་པོད་གསུམ་པ་ལས་གསལ་ལོ། །འཁོར་ནི་ཚོགས་བརྒྱད་རིགས་པའི་ལྷ་བརྒྱད་ཡིན་ནོ། །
Domain ཆོས་ལུགས།