87383

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཆེན་གཤེན་ལྷ་འོད་དཀར་ (1)
Part of speech མིང་ཚིག
Definition བོན། མཐར་ཐུག་གི་འབྲས་བུ་ལ་གཟུགས་སྐུ་གཉིས་སུ་ཡོད་པས། འདི་ནི་རྫོགས་པའི་སྐུ་གཤེན་ལྷ་འོད་དཀར་ཡིན། དེའི་ངོ་བོའམ་ངེས་ཚིག་ནི། ཐེག་པའི་རིམ་མངོན་དུ་བཤད་པའི་མདོ་རྒྱུད་དང་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་ལས། རང་རིག་པའི་ཡེ་ཤེས་མཐའ་དབུས་མེད་པར་བདལ་བའི་རྩལ་མ་འགག་པར་གསལ་བའི་ཕྱིར་གཤེན་ཞེས་བྱའོ། །དེས་ཀུན་ལ་རང་རང་གི་དོན་གསལ་བར་མཛད་དེ་འདུལ་བའི་ཕྱིར་ལྷའོ། །རང་རིག་ཡེ་ཤེས་རང་འབྱུང་གི་རྩལ་མ་འགག་པར་ཤར་ཏེ། ཡེ་ཤེས་ལྔ་ལ་སྒྲིབ་པ་ཡེ་ནས་བྲལ་བའི་ཕྱིར་འོད་དཀར་རོ། །ཞེས་སོ། །དེ་ལ་མདོ་སྔགས་ཀྱི་ཆོ་ག་དུ་མ་ལས་ཆ་ལུགས་མི་མཐུན་པ་འགའ་སྣང་ཡང་དོན་ལ་ཐམས་ཅད་གཅིག་གོ ། དཔེ་མཚོན་ཙམ་ནི། ༡ རྩ་བའི་ཆ་ནས་གཤེན་ལྷ་འོད་དཀར་ཞེས་ངོས་འཛིན་ཞུ་ས་ནི་སྐྱབས་འགྲོ་ཚོགས་ཞིང་ལྟར་ཡིན། དེའི་ཆ་ལུགས་ནི། གཅེན་ལྔས་འདེགས་པའི་ཁྲི་དང་། ཉི་ཟླ་པད་གདན་བརྩེགས་པའི་ཁ་ལ་སྐྱིལ་དཀྲུང་དུ་བཞུགས་ཞིང་། སྐུ་མདོག་དཀར་པོ་ལ་ཞི་རྒྱན་བཅུ་གསུམ་གྱིས་བརྒྱན་པ། ཕྱག་མཉམ་བཞག་གི་མཐིལ་དུ་བདུད་རྩིས་བལྟམས་པའི་བུམ་པ་བསྣམས་པ་ཞིག་ཡིན་ནོ། །༢ ཀུན་དབྱིངས་སྐུ་ལྔ་ལྷ་དགུ་ལས་ལྷ་ཆེན་གཤེན་ལྷ་འོད་དཀར་ནི། གླང་ཆེན་འདེགས་པའི་ཁྲི་དང་། ཉི་ཟླ་པད་གདན་གྱི་ཁ་ལ་དཀྱིལ་སྐྲུང་དུ་བཞུགས་ཞིང། སྐུ་མདོག་དཀར་པོ་ཞི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་གསེར་གྱི་གཡུང་དྲུང་དང་། གཡོན་པས་མཉམ་བཞག་གི་མཐིལ་དུ་འགག་མེད་ཨཱོྃ་ཡིག་མཚོན་པར་བྱེད་པ་ཞིག་ཡིན་ནོ། ༣ བདེར་གཤེགས་གཙོ་བཞི་ལས་གཤེན་ལྷ་འོད་དཀར་ནི། གླང་ཆེན་འདེགས་པའི་ཁྲི་དང། ཉི་ཟླ་པད་གདན་བརྩེགས་པའི་ཁ་ལ་ཞབས་དཀྱིལ་སྐྲུང་དུ་བཞུགས་སོ། །སྐུ་མདོག་དཀར་གསལ་ལ་ཞི་རྒྱན་གྱིས་བརྒྱན་ཞིང་། ཕྱག་གཡས་ཐུགས་རྗེའི་ལྕགས་ཀྱུ་འཛིན་པ། གཡོན་པས་མཉམ་བཞག་ཏུ་བཞག་པའི་རྣམ་པ་ཅན་ཡིན་པས་མདོ་གཟེར་མིག་ལེའུ་དགུ་བ་ལས་གསལ་ལོ། །
Domain ཆོས་ལུགས།