87386

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཆེན་དངོས་གྲུབ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་དཀྱིལ་དུ་མངའ་རིས་སུ་ཡབ་མངའ་བདག་ལྷ་ཆེན་ཇོ་དཔལ་གྱི་སྲས་སུ་འཁྲུངས། མངའ་རིས་ཀྱི་རྒྱལ་སྲིད་སྐྱོང་སྐབས་རབ་ཏུ་བྱུང་བ་རྣམས་དབུས་གཙང་དུ་འཆད་ཉན་ལ་འགྲོ་བའི་སྲོལ་བཙུགས། ཡབ་མེས་ཀྱི་གཙུག་ལག་ཁང་རྣམས་ལ་ཞིག་གསོ་གནང་། ལྷག་པར་གསེར་དངུལ་ལ་སོགས་པ་རིན་པོ་ཆེ་བརྒྱ་ཕུལ་ནས། ཆོས་རྗེ་འབྲི་གུང་པ་འཇིག་རྟེན་མགོན་པོ་མཇལ། བཀའ་འགྱུར་ཚར་གཉིས་དང་། གསང་སྔགས་ཀྱི་དཀྱིལ་འཁོར་ཡང་མང་པོ་བཞེངས། རིག་པ་མགོན་ནས་བརྩིས་པའི་མངའ་རིས་རྒྱལ་རབས་བཅུ་གསུམ་པ་ཡིན།

{{#arraymap:ལྷ་ཆེན་དངོས་གྲུབ་

|; |@@@ | | }}