87392

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཆེན་པོ་བརྒྱད་ (1)
Part of speech མིང་ཚིག
Definition བོན། འཇིག་རྟེན་དཔལ་མགོན་སྡེ་རུ་གཏོགས་པའི་དཀར་ཕྱོགས་དགེ་ལ་སྡོང་གྲོགས་མཛད་པའི་ལྷ་ཞིག་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། སངས་རྒྱས་བསྟན་པ་སྐྱོང་བའི་བདག། །དཀར་པོ་དགེ་ལ་གྲོགས་མཛད་པ། །ཞེས་སོ། །བརྒྱད་ནི། ལྷ་ཆེན་མ་ཧཱ་དེ་བ། ལྷ་ཆེན་ཁྱབ་འཇུག་ཆེན་པོ། ལྷ་ཆེན་གཟི་ལྡན་འོད་པོ་ཆེ། ལྷ་ཆེན་དཔལ་འབར་མཐུ་བོ་ཆེ། ལྷ་ཆེན་འདོད་པའི་དབང་ཕྱུག ལྷ་ཆེན་གཞོན་ནུ་གར་ཏི། ལྷ་ཆེན་འབྲིང་གི་རི་ཏི། ལྷ་ཆེན་ཚོགས་ཀྱི་བདག་པོ་དང་བརྒྱད་དོ། །དེ་དག་གི་སྐུ་མདོག་ཆ་ལུགས་སོགས་ཡིག་ཚོགས་མང་རྐྱེན་འདིར་མ་བྲིས། རྒྱས་པར་གཟི་བརྗིད་པོད་གསུམ་པར་གཟིགས།
Domain ཆོས་ལུགས།