87484

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་བོན་ཡོངས་སུ་དག་པ་ (1)
Part of speech མིང་ཚིག
Definition བོན། ཡུམ་སྲས་གཤེན་གསུམ་གྱི་སློབ་མ་ལྷ་ཀླུ་མིའི་གཤེན་གསུམ་གྲགས་པའི་ནང་ཚན་ལྷ་གཤེན་ཡོངས་སུ་དག་པ་ཞེས་པ་དེ་ཡིན་ལ། གསང་སྔགས་སྤྱི་སྤུངས་ཀྱི་བརྒྱུད་རིམ་གཤེན་པོ་རྣམས་ལས་གདུང་རྒྱུད་བཅུ་གསུམ་གྱི་ནང་ཚན་ཡང་ཡིན། འདི་ཉིད་ཡུལ་ལྷ་ཡུལ་སྣང་མ་གཡུ་སྟེང་། མཁར་ལྷ་མཁར་སྒྲོན་མ་དགུ་ཐོག་བྱ་བར་ཡབ་ལྷ་རབ་འོད་དཀར་རྗེ་དང་ཡུམ་ཕྱྭ་ལྕམ་ཁྲི་ནེ་ཏིང་བཙུན་བྱ་བ་གཉིས་ཀྱི་སྲས་སུ་གཤེན་གསང་བ་འདུས་པས་བྱིན་གྱིས་བརླབས་ནས་འཁྲུངས་པར་གྲགས་སོ། ། དབལ་བོན་སྟག་ལ་མེ་འབར་གྱིས་དབང་བསྐུར་ཞིང་མཚན་ལ་ལྷ་བོན་ཡོངས་སུ་དག་པ་ཞེས་གསོལ། དེ་ནས་ལྷ་གཤེན་གྱིས་འཆི་མེད་ཡུམ་སྲས་གཤེན་གསུམ་གྱི་དྲུང་ནས་ལུང་མནོས་པས། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་ལུང་བསྟན་པ་ལྟར། གཤེན་གསང་འདུས་པའི་དྲུང་དུ་རྒྱུད་དོན་རྒྱས་པའི་བོན་སྐོར་མང་འབྲེལ་ཉི་ཟེར་ལྟ་བའི་བོན་སྡེ་ལ་བློ་སྦྱངས་སོ། ། དེ་ནས་གཤེན་གསང་བ་འདུས་པས་ལྷ་གཤེན་ལ་ཡུམ་སྲས་གཤེན་གསུམ་གྱིས་སྙན་ནས་སྙན་དུ་བརྒྱུད་པའི་སྤྱི་སྤུངས་ཞི་ཁྲོའི་བོན་སྐོར་རྒྱས་འབྲིང་བསྡུས་གསུམ་ལས། མང་ལ་འབྲེལ་བ་རྒྱས་པ་ཉི་ཟེར་ལྟ་བུའི་བོན་སྐོར་དེ་ཉིད་ལེབ་རྒན་དམར་པོ་ལ་ཤེལ་གྱིས་བྲིས་ནས་གཏད་གཉེར་མཛད་ཅིང་། དེ་ནས་ལྷ་བོན་ཡོངས་སུ་དག་པས་ཡུམ་ལྷ་མོ་བསེེན་ཐུབ་མའི་སྤྲུལ་པ་འོད་ཟེར་མདངས་ལྡན་མ་བྱ་བ་གྲོགས་སུ་བཙལ་ནས། བོན་སྡེ་དེ་རྣམས་ལྷ་བདུད་གསང་བའི་བྲག་ལ་བསྒྲུབས་ཏེ་ལྷ་ཁམས་སུ་དར་ཞིང་གསལ་བར་མཛད་དོ། །
Domain ཆོས་ལུགས།

{{#arraymap:ལྷ་བོན་ཡོངས་སུ་དག་པ་

|; |@@@ | | }}