87489

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་བྲག་ཁ་བ་བློ་གྲོས་ཡེ་ཤེས་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ལྕགས་ཁྱི་ཕྱི་ལོ་ ༡༡༩༠ ལོར་ཡུལ་བྱེ་ཆུང་དུ་ཡབ་ཇོ་བོ་ཤཱཀྱ་བཀྲ་ཤིས་དང་། ཡུམ་སྐྱོ་མོ་དར་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། ། ལྷ་འགྲོ་བའི་མགོན་པོ་བྱང་ཆུབ་འོད་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། རབ་བྱུང་བཞི་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༢༦༠ ལོ་ནས་ལོ་ངོ་ཉེར་བདུན་རིང་འཆད་ཁ་གསར་མའི་གདན་ས་བསྐྱངས། སློབ་ཚོགས་མང་དུ་བསྐྱངས། གོ་དྲུག་པ་རབ་བྱུང་ལྔ་པའི་མེ་ཁྱི་ཕྱི་ལོ་ ༡༢༨༦ ལོར་སྐུ་གཤེགས འཆད་ཁ་གསར་མའི་གདན་རབས་བཞི་པ་ཡིན།

{{#arraymap:ལྷ་བྲག་ཁ་བ་བློ་གྲོས་ཡེ་ཤེས་

|; |@@@ | | }}