8753

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་གྲགས་ཀྱི་གཏན་ཚིགས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཐལ་འགྱུར་པ། ངེས་ཚིག ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། དེའི་ཚེ་རང་ལ་མི་བལྟ་བ་དེ་ལ། རང་ལ་གྲགས་ཀྱི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཕྱིར་རྒོལ་རང་ཉིད་ལ་གྲགས་ཤིང་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། གཞན་ལ་གྲགས་ཀྱི་གཏན་ཚིགས་ཞེས་འཆད་པའི་རྒྱུ་མཚན་ཡོད་དེ། སྔར་རྒོལ་ལས་གཞན་ཕྱིར་རྒོལ་ལ་གྲགས་ཤིང་གྲུབ་པའི་གཏན་ཚིགས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། ཞེས་དང་། རྟགས་དང་ཆོས་ཅན་ཕྱིར་རྒོལ་གྱིས་ཁས་བླངས་པ་ཙམ་མ་ཡིན་པར་རྒོལ་བ་གཉིས་ཀས་ཚད་མས་གྲུབ་པ་དགོས་ཏེ། སྔར་རྒོལ་གྱིས་ཚད་མས་གྲུབ་པར་མ་ཟད་སྔར་རྒོལ་གྱིས་ཚད་མས་གྲུབ་པ་ལས་གཞན་ཕྱིར་རྒོལ་གྱིས་ཀྱང་ཚད་མས་གྲུབ་པས་གཞན་ལ་གྲགས་ཞེས་པའི་ཕྱིར་དང༌། ཞེས་གསུངས། མཚན་ཉིད། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རྒོལ་ཕྱི་རྒོལ་གཉིས་ཀ་ལ་ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་སྣང་དུ་གྲུབ་པ་མི་དགོས་ཀྱང༌། སྤྱིར་དེ་གཉིས་ཀ་ལ་ཆོས་ཅན་ཚད་མས་གྲུབ་ཅིང༌། ཁྱད་པར་ཕྱི་རྒོལ་གྱིས་ཚད་མས་གྲུབ་པར་ཁས་བླངས་པའི་ཁས་བླངས་ལ་དཀྲིས་ནས་བཀོད་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། གཞན་ལ་གྲགས་ཀྱི་གཏན་ཚིགས་ཡང་དག་གི་མཚན་ཉིད། ཅེས་གསུངས།
Domain ཆོས་ལུགས།
Synonyms རང་ལ་གྲགས་ཀྱི་གཏན་ཚིགས། གཞན་ལ་གྲགས་ཀྱི་གཏན་ཚིགས།

{{#arraymap:གཞན་གྲགས་ཀྱི་གཏན་ཚིགས་

|; |@@@ | | }}