87539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་མིའི་ལུས་ཚད་བཅུ་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ལྷོ་འཛམ་བུ་གླིང་པའི་ལུས་ཀྱི་ཚད་ནི་ཁྲུ་ཕྱེད་དང་བཅས་པའི་གསུམ་མམ་ཁྲུ་བཞི་པའོ། །ཤར་གྱི་ལུས་འཕགས་པོའི་མི་རྣམས་ཀྱི་ནི་ལུས་ཀྱི་ཚད་ནི་ཁྲུ་བརྒྱད་དོ། །ནུབ་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ལུས་ཀྱི་ཚད་ནི་ཁྲུ་བཅུ་དྲུག་གོ ། བྱང་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ལུས་ཀྱི་ཚད་ནི་ཁྲུ་སུམ་ཅུ་རྩ་དྲུག་གོ ། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆའོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི་རྒྱང་གྲགས་ཕྱེད་དོ། ། འཐབ་བྲལ་བ་རྣམས་ཀྱི་ལུས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་ཆ་གསུམ་མོ། །དགའ་ལྡན་པའི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི་རྒྱང་གྲགས་སོ། །འཕྲུལ་དགའི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི་རྐང་པ་དང་བཅས་པའི་རྒྱང་གྲགས་སོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི་ཕྱེད་དང་བཅས་པའི་རྒྱང་གྲགས་སོ། །ནུབ་ཕྱོགས་པ་བྱེ་བྲག་ཏུ་སྨྲ་བ་ན་རེ། རྟ་སྟོང་ཕྲག་དང་ལྡན་པའི་ཤིང་རྟ་དང༌། གདུགས་ཀྱི་ཚད་ནི་དཔག་ཚད་ཙམ་མོ། །ལྷ་རྣམས་དབང་པོ་བརྒྱ་བྱིན་གྱི། །ལུས་ཀྱི་ཚད་ནི་རྒྱང་གྲགས་གསུམ། །ཞེས་ཟེར་རོ། །
Domain ཆོས་ལུགས།

{{#arraymap:ལྷ་མིའི་ལུས་ཚད་བཅུ་

|; |@@@ | | }}