87623
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གསུམ་པའི་མེ་རྟ་ལོར་ཆོས་རྒྱལ་གདུང་རྒྱུད་ཡར་ཀླུངས་ཇོ་བོའི་སྲས་སུ་འཁྲུངས་པས་ལྷ་ཞེས་པའི་མིང་ཐོབ། བཀའ་གདམས་གཞུང་པའི་དགོན་པ་འཆད་ཁ་དང་སྤྱིལ་བུ་པ་གཉིས་ཀྱི་གདན་ས་ལོ་ངོ་ཉི་ཤུ་རྩ་བདུན་བསྐྱངས། ཀོང་པོ་དང་དྭགས་པོ་སོགས་ཀྱི་དགོན་པ་བཅུ་ཕྲག་དུ་མའི་དགོན་གཉེར་དང་མི་དཔོན་བསྐོས་པར་གསོལ་བས་བཀའ་གདམས་པའི་གཙུག་ལག་ཁང་ཕལ་ཆེར་རྩ་ལག་གཅིག་ཏུ་དྲིལ། འགྲོ་མགོན་འཕགས་པས་དེ་ཉིད་ལ་བཀུར་སྟི་ཆེན་པོ་མཛད། རབ་བྱུང་བཞི་པའི་ས་ལུག་ལོར་འདས། |