87643
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ཡི་དམ་ལྷའི་སྙིང་པོའམ་དོན་གྱི་རྩ་བའི་ས་བོན་ཡིག་འབྲུ་རྣམས་ལ་འཇུག་གོ ། དེའི་གོ་དོན་ནི། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་ལས། སྙིང་པོ་ནི་ལྷ་ཡི་ཕེའུ་པ་སྟེ། དབྱིངས་ནས་འགུགས་ཤིང་མཁའ་ལ་གསལ་ཀྱང་གདབ། ཅེས་པས། ཡི་དམ་གྱི་ལྷ་ཚོགས་རྒྱུད་ལ་བསྐྱེད་ཅིང་གསལ་འདེབས་བྱེད་པའི་དོན་ཏེ་ཡི་དམ་གྱི་སྙིང་པོ་བཟླས་བརྗོད་བརྩོན་པས་ཡི་དམ་གྱི་ལྷ་དེ་དག་ཡིད་ལ་དྲན་ཞིང་བློ་ལ་གསལ་འདེབས་ཡོང་བ་ཡིན་ལ་དེ་ཉིད་བཟླས་བརྗོད་ཀྱི་དགོས་པའང་དེ་ལྟར་གསལ་འདེབས་ཀྱི་ཆེད་ཡིན་ནོ། ། |
| Domain | ཆོས་ལུགས། |