87646

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཡི་བླ་མ་ (1)
Part of speech མིང་ཚིག
Definition གཟའ་ཕུར་བུ་སྟེ། སྔོན་མཐོ་རིས་སུ་སརྦ་ཛྙཱ་ཞེས་པའི་ལྷ་ཞིག་བྱུང་སྟེ་དེས་ལེགས་སྦྱར་གྱི་སྐད་ལ་ཐོགས་པ་མེད་པར་ཤེས་པས་བརྒྱ་བྱིན་ལ་བསླབས་རྗེས་སུ་དེ་དང་བྲལ་ཏེ་སློབ་པའི་སྐབས་མ་བྱུང་བས་ཕུར་བུ་ལ་ལྷ་གཞོན་ནུ་རྣམས་ལ་ལེགས་སྦྱར་གྱི་སྐད་སློབ་པའི་སློབ་དཔོན་དུ་བསྟེན་པས་ལྷ་ཡི་བླ་མ་ཞེས་བཏགས།
Type མངོན་བརྗོད།