87667
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། ལྷ་ཡི་རྒྱལ་པོ་ཞིག་ཏེ། ཡུམ་སྲས་གཤེན་གསུམ་གྱི་སློབ་མ་ལྷ་ཀླུ་མིའི་གཤེན་གསུམ་གྲགས་པའི་ནང་ཚན་ལྷ་གཤེན་ཡོངས་སུ་དག་པའི་ཡབ་ཡང་ཡིན། དེ་ཡང་ཡུལ་ལྷ་ཡུལ་སྣང་མ་གཡུ་སྟེང་། མཁར་ལྷ་མཁར་སྒྲོན་མ་དགུ་ཐོག་བྱ་བར་ཡུམ་ཕྱྭ་ལྕམ་ཁྲི་ནེ་ཏིང་བཙུན་བྱ་བ་ལྕམ་དུ་བཞེས་ཏེ་བཞུགས་པ་དེ་ཤེད་དུ། སྲས་སུ་གཤེན་གསང་བ་འདུས་པས་བྱིན་གྱིས་བརླབས་པ་ལྷ་གཤེན་ཡོངས་སུ་དག་པ་འཁྲུངས་པར་གྲགས་སོ། །གོང་གསལ་མིང་ཚིག་འགའ་ལ་འབྲི་ཚུལ་གྱི་སྒོ་ནས་དཔེ་གཞན་པའི་ནང་དུ་༼ལྷ་ཡུལ་སྣང་མ་གཡུ་སྟིང་། ཕྱྭ་ལྕམ་ཁྲི་ན་ཏིང་ཙུག༽ཅེས་པ་ཡང་འདུག་གོ ། |
| Domain | ཆོས་ལུགས། |