87669

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་རམས་དགེ་བཤེས་ (1)
Part of speech མིང་ཚིག
Definition སེ་འབྲས་དགེ་གསུམ་གང་རུང་ལ་སློབ་གཉེར་བྱས་ནས་གཞུང་བཀའ་པོད་ལྔ་ཀ་ལ་སྦྱངས་པ་མཐར་སོན་པའི་དགེ་བཤེས་ཀྱི་གནས་རིམ་ཆེས་མཐོ་ཤོས་ཤིག་སྟེ། ལྷ་རམས་པ་ཞེས་ལྷ་སའི་རབ་འབྱམས་པ་ཞེས་པའི་བསྡུས་ཚིག་ཡིན། ཡང་ན། ལྷ་ལྡན་སྨོན་ལམ་ཆེན་མོར་གཞུང་ལུགས་རབ་འབྱམས་ལ་གྲྭ་སྐོར་དམ་བཅའ་བཞག་པའི་དགེ་བཤེས། དེང་སང་དེའི་སྔོན་འགྲོར་གདན་ས་སོ་སོར་སློབ་གཉེར་མཐར་ཕྱིན་རྗེས་སླར་ཡང་དུས་རབས་མཐུན་པའི་རྒྱུགས་སྤྲོད་ཚད་ལྡན་ལོ་དྲུག་ལ་བྱས་རྗེས་གཞི་ནས་དམ་བཅའ་འཇོག་དགོས།