87679
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། འགྲོ་བ་མི་ལས་གཞན་པའི་འཇིག་རྟེན་དྲེག་པའི་ལྷ་རྣམས་ཀྱིས་དབང་བྱས་པའམ་ཁོ་ཚོས་བདག་ཏུ་འཛིན་པའི་སེམས་ཅན་དེ་དག་ལ། རྟེན་རབ་ཏུ་བྱུང་བའི་གང་ཟག་དང་ཚུལ་ཁྲིམས་ལ་སོགས་བསྲུང་བའི་སེམས་དང་ལྡན་པ་རྣམས་ཀྱིས་ཆགས་པའི་དབང་གིས་ལོངས་སུ་སྤྱོད་ན་རང་རྒྱུད་ཀྱི་སྡོམ་པ་ལ་ལྟུང་བ་རབ་འབྲིང་ཐ་གསུམ་ནང་ནས་འབྲིང་གི་ལྟུང་བའམ་སྦོམ་པོ་བྱུང་བ་སྟེ། བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་ལས། ཡུལ་གྱི་ཡན་ལག་ལ། ལྷ་སྲིན་མི་མ་ཡིན་གྱིས་དབང་བྱས་པ་ནི་ལྟུང་བ་འབྲིང་མན་ཆད་ཀྱི་ཡུལ་དང་། མི་ཡིས་དབང་བྱས་པ་ནི་ལྟུང་བ་ཆེན་པོ་ལ་སོགས་ཀྱི་ཡུལ་དང་། འགྲོ་བ་གཞན་བྱོལ་སོང་གིས་དབང་བྱས་པ་ནི་ལྟུང་བ་ཆུང་ངུའི་ཡུལ་དུ་རིག་པར་བྱའོ། །ཞེས་གསུངས་་᩶ᩏ་། སེམས་ཅན་དེ་དག་ནི་འཇིག་རྟེན་དྲེག་པའི་ལྷ་མ་སྲིན་རྣམས་ཀྱི་རིགས་སུ་གཏོགས་པ་དང་ཁོ་ཚོས་བདག་ཏུ་འཛིན་པས་བསྲུང་བ་ཞེས་བྱའོ། ། |
| Domain | ཆོས་ལུགས། |