87707
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། གཉིས་སྤྲོད་ཀྱི་འཁྲིག་པ་ནི་ས་ལ་གནས་པའི་རྒྱལ་པོ་ཆེན་པོ་དང་སུམ་ཅུ་རྩ་གསུམ་པ་རྣམས་ཏེ། དཔེར་ན་མི་བཞིན་ནོ། །དེ་རྣམས་ནི་རླུང་གྲོལ་བ་ལས་ཡོངས་སུ་གདུང་བ་རྣམ་པར་གྲོལ་བའོ། །འཁྱུད་པས་འཁྲིག་པ་ནི་འཐབ་བྲལ་རྣམས་འཁྱུད་པ་ཙམ་གྱིས་ཡོངས་སུ་གདུང་བ་དང་བྲལ་བའོ། །ལག་པས་བཅངས་པ་ནི་དགའ་ལྡན་པ་རྣམས་ཀྱིའོ། །བཞད་པས་ནི་དགའ་ལྡན་གྱི་ལྷ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིའོ། །བལྟས་པས་ནི་འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིའོ། ། |
| Domain | ཆོས་ལུགས། |