8771

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་དབང་གིས་འགོག་པ་ (1)
Part of speech མིང་ཚིག
Definition འགོག་རྒྱན་ཉེར་གསུམ་གྱི་ནང་གསེས་བཅོ་ལྔ་པ་སྟེ། རང་གི་མི་འདོད་པའི་བྱ་བ་ཞིག་སྐྱེས་བུ་དེས་སྒྲུབ་པར་བརྩོན་པ་དགག་བྱ་དང་། དེ་འགོག་བྱེད་ནི་རང་གིས་འགོག་བྱེད་ཀྱི་ཚིག་དངོས་སུ་མ་བརྗོད་ཀྱང་། གཞན་དབང་ལ་ཁག་བཞག་ནས་ཤུགས་ཀྱིས་འགོག་པ་ལྟ་བུའོ། །
Example བོད་མཁས་པས། བཟད་ལུང་ཁྲོ་ཕུའི་ཕྱོགས་ནས་བསྟན་པའི་ཁུར། །ལོངས་ཞེས་སྤྲིང་ཡིག་དམར་པོ་ཆར་དུ་ཕབ། ། བདག་ལུས་བཞི་བརྒྱ་རྩ་བཞིའི་བྲོ་ནད་ཀྱི། །ཁྱིམ་ལགས་དེ་དང་ཁྱོད་གཉིས་བགྲོ་བར་འཚལ། །ཞེས་པ་ལྟ་བུ།
Domain རྩོམ་རིག