87731
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་ལེའུ་ཉེར་ལྔ་པ་མུ་སྟེགས་ཅན་ལུང་བསྟན་པའི་ལེའུ་ལས་བྱུང་བ་སྟེ། ༡ མཛེས་པ་ཡིན། ༢ གཙང་སྦྲ་ཆེ་བ་ཡིན། ༣ ཕྲེང་བ་ལ་དགའ་བ་ཡིན། ༤ སྤོས་ལ་དགའ་བ་ཡིན། ༥ བདུག་པ་ལ་དགའ་བ་ཡིན། ༦ གླུ་ལེན་པའི་ངང་ཚུལ་ཅན་ཡིན། ༧ བྱུག་པ་ལ་དགའ་བ་ཡིན། ༨ འདོད་པའི་ཡོན་ཏན་ངན་ངོན་གྱིས་མི་མགུ་ཞིང་རྒྱ་ཆེན་པོས་དགའ་བ་ཡིན། ༩ རོལ་མོའི་སྒྲ་ཐམས་ཅད་ལ་དགའ་བ་ཡིན། ༡༠ གླུ་ཐམས་ཅད་ལ་དགའ་བ་ཡིན། ༡༡ སྐྱེ་བོ་རྒྱ་ཆེན་པོ་དང་འགྲོགས་པར་དགའ་བ་ཡིན། ༡༢ ཁང་པ་དང་། ཁང་པ་བརྩེགས་པ་དང་། ཁྱིམ་དང་། ལོངས་སྤྱོད་རྒྱ་ཆེན་པོ་ལ་དགའ་བ་ཡིན། ༡༣ དེའི་སེམས་བྱམས་པ་སྔོན་དུ་འགྲོ་བ་ཡིན། ༡༤ རྒོད་པའི་ངང་ཚུལ་ཅན་ཡིན། ༡༥ འཇམ་པར་སྨྲ་བ་ཡིན། ༡༦ དགའ་བ་ལ་མཁས་པ་ཡིན། ༡༧ རྒྱན་ལ་དགའ་བ་ཡིན། ༡༨ ཆེ་བའི་ངང་ཚུལ་ཅན་ཡིན། ༡༩ འགྲོ་བའི་ངང་ཚུལ་ཅན་ཡིན། ༢༠ ལུས་ཀྱི་ཤུགས་འབྱིན་པའི་ངང་ཅན་ཡིན། ༢༡ ཆགས་པའི་མཚན་མ་ཤེས་པ་ཡིན། ༢༢ མི་ཆགས་པའི་མཚན་མ་ཤེས་པ་ཡིན། ༢༣ ཕན་པར་བྱ་བ་ལ་མཁས་པ་ཡིན་པ་བཅས་སོ། ། |
| Domain | ཆོས་ལུགས། |