87733

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ལུང་དཔལ་རྡོར་བྲག་ཕུག་ (1)
Part of speech མིང་ཚིག
Definition སྒྲུབ་ཕུག་འདི་ནི་གནས་ཆེན་གསུམ་གྱི་ནང་ཚན་བྲག་ཡེར་པའི་ཁོངས་ན་ཡོད། རྒྱལ་རབས་ཆོས་འབྱུང་ཁག་ནས་གསལ་བ་ལྟར་ན་ལྷ་ལུང་དཔལ་གྱི་རྡོ་རྗེས་བཙན་པོ་གླང་དར་མ་མ་བཀྲོངས་གོང་སྒྲུབ་ཕུག་དེར་བཞུགས་ནས་སྒྲུབ་པ་མཛད་མྱོང་བ་དང་། ཕྱི་ལོ་དུས་རབས་དགུ་པའི་དུས་དཀྱིལ་དུ་བཙན་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་བཞིན་པ་ཐོས་འཕྲལ་སྐད་ཅིག་ཉིད་དུ་ལྷ་སར་ཕེབས་ཏེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་ཡི་གེ་ཀློག་བཞིན་པའི་བཙན་པོ་གླང་དར་མ་མདའ་འཕེན་ཐེངས་གཅིག་ལ་བཀུམས། གླང་དར་མ་བཀྲོངས་རྗེས་བྲག་ཕུག་དེར་ཡིབ་ནས་བཞུགས་པ་ཡིན་ཟེར། དེའི་ནང་དུ་ལྷ་ལུང་དཔལ་རྡོར་དང་། བཻ་རོ་ཙ་ནའི་འདྲ་སྐུ་ཡོད། དེའི་གཞོགས་སུ་མགོན་པོ་བེར་སོགས་ཀྱི་འདྲ་སྐུ་ཡང་ཡོད་པའི་སྒྲུབ་གནས་ཤིག་ཡིན།