87748

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ས་བ་དགེ་འདུན་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ཆུ་འབྲུག་ཕྱི་ལོ ༡༥༣༢ ལོར་ལྷ་སའི་ལུམ་པ་ཤག་ཏུ་འཁྲུངས། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་། སློབ་དཔོན་ཤེས་རབ་སེང་གེ་ལས་རབ་ཏུ་བྱུང་། སེར་བྱེས་སུ་སློབ་གཉེར་མཛད། བཅུ་དགུ་པར་རྒྱལ་བ་བསོད་ནམས་རྒྱ་མཚོ་དང་། མངའ་རིས་ལྷ་བཙུན་པ་བསོད་ནམས་དཔལ་བཟང་སོགས་ལས་བསྙེན་པར་རྫོགས། སྨད་རྒྱུད་གྲ་ཚང་དུ་ཡོངས་འཛིན་བཀྲ་ཤིས་བཟང་པོ་བསྟེན། ཞེ་བཞི་བར་རྒྱུད་སྨད་ཀྱི་བླ་མ་དང་། ང་བརྒྱད་པར་བྱང་རྩེར་བྱོན། དོན་གཉིས་པ་རབ་བྱུང་བཅུ་པའི་ཆུ་ཡོས་ཕྱི་ལོ ༡༦༠༣ ལོར་དགའ་ལྡན་གསེར་ཁྲིར་ཕེབས། གསེར་ཁྲི་ལོ་ངོ་ལྔའི་རིང་བསྐྱངས། མདོ་སྔགས་ཀྱི་ཆོས་འཁོར་བསྐོར། ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུ་མཛད། དོན་དྲུག་པ་རབ་བྱུང་བཅུ་པའི་མེ་ལུག་ཕྱི་ལོ ༡༦༠༧ ལོར་སྐུ་གཤེགས། དངུལ་གདུང་དགའ་ལྡན་དུ་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཉེར་བརྒྱད་པ་ཡིན། མཚན་གཞན། ཆོས་རྗེ་དགེ་འདུན་རྒྱལ་མཚན།