87749

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་སའི་ཉེ་འདབས་ཀྱི་དགོན་སྡེ་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition ༡ ལྷ་ས་རྨེ་རུ་ནི། མངའ་བདག་ཁྲི་རལ་གྱིས་ལྷ་སའི་ཕྱོགས་བཞིར་མཆོད་ཁང་དང་དགེ་འདུན་གྱི་སྡེ་གཉིས་རེ་བཙུགས་པའི་ཡ་གྱལ་ཞིག་ཡིན་པ་ཕྱིས་དར་མས་བསྣུབས། ཕྱིས་ཇོ་བོ་རྗེ་ཕེབས་ནས་སླར་ཡང་དགེ་འདུན་གྱི་སྡེ་ཆེན་པོ་བཙུགས་པའི་བླ་མ་ཆེན་པོ་ཤར་པ་ཞེས་སོགས་བྱུང་། དགེ་འདུན་གྱི་སྡེ་ཨང་དང་གྲས་གྲྭ་གྲངས་ཉིས་བརྒྱ་དགུ་བཅུ་སྐོར། ༢ ར་མོ་ཆེ་སྡེ་བཞི་ནི། ཚལ་པ་ཁྲི་དཔོན་དགའ་སྡེ་བཟང་པོས་བཏབ། དགེ་འདུན་གྱི་སྡེ་ཨང་དང་གྲངས་གྲྭ་གྲངས་ཉི་ཤུ་སྐོར། ༣ ཕ་བོང་ཁ་བྱང་ཆུབ་ཤིང་གི་ནགས་ཁྲོད་ནི། ཆོས་རྒྱལ་སྒམ་པོ་དེར་བཞུགས་ཤིང་སྒྲུབ་པ་མཛད། ༤ ཆོས་གྲྭ་ཆེན་པོ་གསང་སྔགས་མཁར་ནི། རྗེ་ཙོང་ཁ་ཆེན་པོས་ས་འདུལ་དང་། ས་ཁྲ། ལྟོ་འཕྱེའི་ཐིག་གདབ། ས་གཞི་རབ་གནས་ཤིས་བརྗོད་མཛད་དེ་གཙུག་ལག་ཁང་བཞེངས། དགེ་འདུན་གྱི་སྡེ་ཨང་དང་གྲྭ་གྲངས་གཉིས་བརྒྱ་སྐོར། ༥ གསང་ཕུ་ར་བ་སྟོད་པ་ནི། ས་ལུགས་ཀྱི་བཤད་གྲྭ་སློབ་དཔོན་སེང་གེ་རི་བོང་གིས་འཆད་ཉན་པ་མཛད། དགེ་འདུན་གྱི་སྡེ་ཨང་དང་གྲྭ་གྲངས་སུམ་བརྒྱ་སྐོར། ༦ ཉི་མ་ཐང་དུ་འཆད་ཉན་སློབ་དཔོན་རིམ་པ་བཞིན་དུ་ལྡན་མ་བ་བློ་གྲོས་རྒྱ་མཚོ། གཉལ་ཆེན་ཤེས་རབ་རྒྱལ་མཚན་སོགས་ཀྱིས་རིམ་པར་མཛད། ཨང་དང་གྲྭ་པ་བརྒྱ་དང་བརྒྱད་སྐོར། ༧ ཚལ་གུང་ཐང་ནི། རྗེ་བླ་མའི་ཡང་སྲིད་གོང་མའི་ནང་ཚན་ཞང་འགྲོ་བའི་མགོན་པོ་བདེ་བའི་རྡོ་རྗེའམ་བརྩོན་འགྲུས་གྲགས་པས་བཏབ། ཨང་དང་གྲྭ་བཙུན་བརྒྱ་དང་བཞི་བཅུ། ༨ ཆོས་ཁྲི་ལྕོག་ནི། ཐོག་མར་སུས་བཏབ་མ་བྱུང་ཞིང་། བར་ཞིག་ནས་བླ་མ་ལྕོག་ཆེན་པ་བཀྲ་ཤིས་བཟང་པོ་དུང་དཀར་འབྲུག་གྲགས། ཡང་དགོན་སྐལ་ལྡན་རྒྱ་མཚོ་སོགས་ཀྱིས་བསྐྱངས། ཨང་དང་གྲྭ་བཙུན་དྲུག་ཅུ་རེ་བདུན། ༩ ཆོས་འཁོར་གླིང་ནི། དེང་སང་གཟིམས་ཁང་གསར་པ་སོགས་ལ་ཐིམ་པས་བླ་བྲང་སོགས་སྒེར་འཛིན་མེད། ༡༠ གྲོག་མཁར་ནི། སྔ་ཐོག་རྙིང་མ་བ། བར་སྐབས་ཀར་ལུགས། དེང་སང་ཡེར་པ་གྲྭ་ཚང་ནས་ཉིས་སྐྱོང་གནང་། སེར་ཁྱིམ་གྲྭ་བཙུན་བཞི་བཅུ་ཞེ་བརྒྱད། ༡༡ བཀྲ་ཤིས་ལྗོངས་ནི། སྐྱིད་ཤོད་ནས་སྦྱིན་བདག་མཛད་ཅིང་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་། རྩེས་དང་བྱང་མ་བ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་བཅས་མཆོད་ཡོན་ཞལ་རྒྱས་ནས་བཏབ། ཨང་དང་གྲྭ་གྲངས་བརྒྱ་དང་ལྔ་བཅུ་ང་བཞི། ༡༢ ཆ་ཕུ་བྲག་སོག་དགོན་ནི། སྔར་ཀླུ་མེས་ཀྱི་སློབ་མ་ཤཱཀྱ་དབང་ཕྱུག་ཅེས་པས་བཏབ་པར་གྲགས། ཨང་གཉིས་གྲྭ་གྲངས་བཞི་བཅུ་སྐོར། ༡༣ ལྷས་ཕུ་དགོན་ནི། སངས་རྒྱས་དབོན་གྱི་བུ་ཆེན་སངས་རྒྱས་རྡོར་བསྟན་པས་བཏབ། ཨང་གཉིས་གྲྭ་གྲངས་བཞི་བཅུ་སྐོར། ༡༤ ལྷས་གླང་ལུང་དགོན་ནི། བཀའ་གདམས་ཀྱི་བཤེས་གཉེན་གླང་ལུང་པས་བཏབ། ཨང་གཉིས་བཙུན་མ་ཉི་ཤུ་སྐོར། ༡༥ ལྷས་བྲག་དགོན་ནི། དགེ་བའི་བཤེས་གཉེན་གྱེར་སྒོམ་པའི་སློབ་མ་སངས་རྒྱས་དབོན་ཞེས་བྱ་བས་བཏབ། ཨང་གཉིས་གྲྭ་བཙུན་ཉི་ཤུ་སྐོར། ༡༦ བ་ལམ་ནུབ་ཆོས་རྫོང་ནི། ཐོག་མར་སུས་བཏབ་དང་། བླ་རབས་གོང་མ་རྣམས་ཀྱི་ངེས་ཁུངས་མ་བྱུང་། ཨང་གཉིས་བཙུན་མ་སུམ་ཅུ་སྐོར། ༡༧ སྐམ་དགོན་ནི། འགྲོ་མགོན་གཡུ་བྲག་པ་ཆེན་པོས་འདེབས་པ་གནང་། ཨང་གཉིས་གྲྭ་བཙུན་བཅུ་བདུན་སྐོར། ༡༨ ཀྲིའི་བྱ་དགར་འབུམ་མགོ་ནི། འགྲོ་བའི་མགོན་པོ་ཞང་རིན་པོ་ཆེས་བཏབ། ཨང་གཉིས་གྲྭ་བཙུན་བཅུ་བདུན་སྐོར་བཅས་སོ། །
Domain ལོ་རྒྱུས།