87758
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ལྷག་མཐོང་གི་ཏིང་ངེ་འཛིན། ཉམས་དང་པོ་ཞི་གནས་ཀྱི་ཉམས་དེ་ཉིད་མ་སྒྲུབ་ན། སེམས་གཅོང་རོང་གི་ཆུ་བོ་རྦ་ཀློང་རབ་ཏུ་འཁྲུངས་ཤིང་འཚུབས་པའི་ནང་ནས་ཉ་སྲམ་སོགས་ཆུ་གནས་ཀྱི་སྲོག་ཆགས་ཇི་ཙམ་རྒྱུ་ཡང་མི་མཐོང་བ་བཞིན་སེམས་རྣམ་རྟོག་འཚུབས་ཆེན་བའི་ངང་ནས་ལྷག་མཐོང་གི་ཡེ་ཤེས་ངོ་བཟུང་དཀའ་བས། འདི་ལ་གནས་ཉམས་རབ་ཏུ་བརྟན་པར་བྱེད་པ་མཁར་གྱི་རྨང་རྡོ་ལྟ་བུ་སྟེ། གནས་ཉམས་རྙོག་བྲལ་གྱི་རྒྱ་མཚོ་དྭངས་བའི་ནང་ནས་རྡོ་བ་དང་ཉ་སོགས་ཇི་བཞིན་མངོན་པ་ལྟར་ལྷག་མཐོང་གི་ཡེ་ཤེས་ངོ་བཟུང་བ་སླ་ལ་དེས་ན་སྔོན་གྱི་གྲུབ་བརྙེས་གོང་མ་ཐུགས་བཞེད་བཞིན་མཆོང་རྒྱུག་དྲག་པོས་ལུས་དུབ་པར་བྱས་མཐར་རྣམ་སྣང་གི་ཆོས་བདུན་བཅའ་བཅུག་ལ། དེ་ནས་བླ་མས་ཁྱིད་ཀྱི་ཞི་གནས་ཀྱི་ཉམས་དེ་བདག་ཏུ་བཟུང་ཞིང་འདི་ལྟར་གནས་སོ་སྙམ་པའི་རྟོག་འཛིན་དེ་ངོར་ཚུར་བལྟ་བ་ལྟ་བུས་སྒྱུར་ཐབས་སུ་ཞོག་དང་། ཞེས་ངོ་སྤྲད་པས་བལྟ་བྱ་ལྟ་བྱེད་གཉིས་མེད་དུ་སྟོང་པར་ལྷག་གེར་ཐོང་དུ་འོང་སྟེ། སྙི་སྒོམ་ཆོས་ཀྱི་རྒྱལ་པོས། རང་ལ་སྐྱེས་པའི་རྣམ་རྟོག་སྟེ། ཆོས་སྐུ་ཡིན་པར་གཅེར་གྱིས་ཟུངས། |
| Domain | ཆོས་ལུགས། |