87760
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་སྒང་དགོན་མཐོང་གྲོལ་བསམ་འགྲུབ་གླིང་ཆོས་སྡེ་ཆེན་མོ་ཞེས་པ་དར་མདོ་མི་ཉག་རབ་སྒང་གི་ཆར་གཏོགས་ཤར་སྟོད་བཞག་བྲ་དཀར་པོའི་མདུན་ཞོལ་དུ། རྒྱལ་པོ་སྲོང་བཙན་སྒམ་པོས་སྒོ་མིག་རྒྱ་ནག་ཏུ་བསྟན་པའི་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ཐ་མར་མི་ཉག་རབ་སྒང་དུ་ཡོངས་རྫོགས་རབ་དགའི་ལྷ་སྒང་འདི་ཉིད་བཞེངས་པར་གྲགས་ལ། བཤད་སྲོལ་དུ། རྒྱ་བཟའ་ཀོང་ཇོ་བོད་དུ་བྱོན་སྐབས་ཡུལ་འདིར་བཞུགས་ཏེ་ཇོ་བོ་ཤཱཀྱ་མུ་ནེའི་ཞལ་སྐྱིན་དུ་ལྷ་སྒང་ཇོ་བོ་འདི་བཞེངས་པར་གྲགས། ཆོས་བརྒྱུད་ཐོག་མར་བཀའ་བརྒྱུད་པ་ཡིན་ཞིང༌། ཕྱིས་སུ་ས་སྐྱ་པར་གྱུར། |