87791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་གེར་མཐོང་བ་གྲོས་ཀྱི་རྩ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། འདི་ལ་གྲོས་ཀྱི་རྩ་བ་ཞེས་ཀྱང་བརྗོད། མདོ་དགོངས་པ་འདུས་པར་སྤྱོད་པའི་འདྲེན་སྒོ་འབྱིན་པར་བྱེད་པའི་རྩ་བ་གསུམ་དུ་གསུངས་པའི་ཡ་གྱལ་ཞིག་སྟེ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལ་གྲོས་ཀྱི་རྩ་བ་ནི། འདི་ལྟར་ཏེ། གང་ཤེས་བྱ་མཆོག་གི་དངོས་གཞི་རྟོགས་ནས་དུས་ཐམས་ཅད་ནས་གནས་སྐབས་ཐམས་ཅད་དུ་མ་འདྲེས་པར་གསལ་བས་བྱེད་ལས་དང་མཚན་ཉིད་རྫོགས་པ་ལ་སྒྲིབ་པ་བསལ་བའི་དབང་གིས་མ་རྨོངས་པ་ཉིད་དུ་ས་ལེ་བར་མཁྱེན་པ་ཉིད་ལྷག་མཐོང་གི་ངོ་བོ་ཉིད་དམ་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།