87797
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། རྙིང་མ། དཀོན་ཅོག་འགྲེལ་ལས། ལྷག་པ་ཏིང་ངེ་འཛིན་ནི། (ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་)གཞི་དེ་ལས་བྱེ་བྲག་ཏུ་ལྷ་སོ་སོའི་རིགས་དང་། སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་སོ་སོར་གསལ་བར་བྱས་པའོ། །ཞེས་དང་། འོད་གསལ་སྙིང་པོ་ལས། (ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་)གཞི་དེ་ལས་བྱེ་བྲག་ཏུ་ཐུགས་རྗེ་ཞི་བ་དང་བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གང་ཡང་རུང་བའི་རྟེན་དང་བརྟེན་པའི་རྣམ་པ་མ་འདྲེས་ཡོངས་རྫོགས་ཀྱི་ཚུལ་དུ་གསལ་སྣང་ཐོབ་པའི་སྒོ་ནས་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་རྣམས་སྒྲུབ་ཐབས་ལས་བྱུང་བ་ལྟར་བསྒོམ་པ་ནི་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་བྱའོ། ། |
| Domain | ཆོས་ལུགས། |