87802
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཟའ་བཞིའི་ཀླུང་རྩིས་ལས་གཟའ་སུམ་འདོམ་གྱི་ནང་གསེས་ཤིག་སྟེ། བརྩི་བྱ་དག་གི་དཀྱུས་མ་ལོའི་དབང་ཁམས་ལ་སྦྱར་བའི་ཕྱི་གཟའ་དང་། ལོ་འགྲོས་རྐྱང་བར་སྦྱར་བའི་ཕྱི་གཟའ་དང་། སྐྱེས་སྤར་ལ་སྦྱར་བའི་ནང་གཟའ་བཅས་གསུམ་པོ་བཏགས་གཟའ་ལྷག་པ་ཡིན་པ་ལ་ཟེར་ཞིང་། བརྩི་ཚུལ་གཞན་ལྟར་ན་ཕྱི་གཟའི་ཚབ་ཏུ་གཟའ་བཞིའི་ཀླུང་རྩིས་མ་ལ་གཙོ་ཆེར་བརྩི་བས་མའི་རང་ལོའམ། ཡང་ན་ཕའི་རང་ལོར་སྦྱར་བའི་བར་གཟའ་ལྷག་པ་ཡིན་ཡང་སུམ་འདོམ་འདིར་གཏོགས་པ་ཡིན། བརྩི་བྱ་དེ་རིགས་ལ་མ་སྟོང་རྟ་སྟོང་འབབ། གོད་ཁ་དང་བྱུར་རྒྱུན་མི་ཆད། མི་ནོར་གཉིས་ལ་ངན། བུས་པ་ཤི་ཆད་མང་། ལྷ་རུ་བདུད་དང་རྒྱལ་པོ་འགོ ཚེ་རིང་ཞིང་སྟོད་དུ་གང་སྟོངས་ཆེ་ཡང་སྨད་དུ་སྐྱིད། བན་བོན་ཕུར་ཁ་དང་གནམ་ཐེ་གཤིན་འགོང་གནོད། ཕ་མེས་ཀྱི་མཚེར་ས་ཟིན་དཀའ། སྨྱོ་འབོག་རིམས་སམ་དུག་གིས་འཆི་བས། བཅོས་སུ་ནུབ་བྱང་མཚམས་སུ་དོང་བྲུས་ནས་ཤ་སྣ་རྙེད་ཚད་དང་ལག་པ། ཤར་ལྷོའི་མཚམས་སུ་དོང་བྲུས་ནས་ཕྱུགས་ཀྱི་རྭ་རྣ་སྤུ་རྨུག་སོགས་གནོན་དགོས་ལ། བྱང་ཐང་དུ་རྩྭ་གཏོར་ཡང་བྱ་དགོས། གལ་སྲིད་བརྩི་བྱའི་ལོ་ཁམས་ཆུ་ཕག་ལོ་འགྲོས་ཕག་ལ་སྦྱར་བའི་ཕྱི་བར་གྱི་གཟའ་གཉིས་ལྷག་པ་ཡིན་ལ། དེའི་ཁར་བརྩི་བྱ་དེ་ཕོ་ཡིན་ན་སྐྱེས་སྤར་གིན་ནམ་ཁོན། མོ་ཡིན་ན་སྐྱེས་སྤར་ཁེན་ནམ་ཟོན་ཡིན་ན། དེར་སྦྱར་བའི་ནང་གཟའ་ཡང་ལྷག་པ་ཡིན་པས་ལྷག་པ་གསུམ་འདོམ་པ་ལྟ་བུའོ། ། |
| Domain | རྩིས་རིག |