87815
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ལྷག་པའི་དོན་དམ་བདེན་པ་ནི། འོད་གསལ་སྙིང་པོ་ལས། མ་ཧཱ་ཡོ་ག་པས་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་འབྲས་བུ་དོན་དམ་དང་། ཡེ་ཤེས་དོན་དམ་དང་། དབྱིངས་དོན་དམ་དང་གསུམ་པོ་ཡེ་ནས་འདུ་འབྲལ་མེད་པ་ལ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། མདོར་ན་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པའི་དབྱིངས་ནི་འབྲས་དུས་ཀྱི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེ། དེ་ནི་ལྷག་པའི་དོན་དམ་བདེན་པ་ཡིན། ཞེས་གསུངས་སོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |