87816
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ལྷག་པའི་བདེན་པ་གཉིས་ནི། མ་ཧཱ་ཡོ་གའི་ལུགས་ཀྱི་བདེན་པ་གཉིས་ཏེ། ལྷག་པའི་ཀུན་རྫོབ་བདེན་པ་དང་། ལྷག་པའི་དོན་དམ་བདེན་པའོ། །དེ་ཡང་། འོད་གསལ་སྙིང་པོ་ལས། མ་ཧཱ་ཡོ་ག་པས་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་འབྲས་བུ་དོན་དམ་དང་། ཡེ་ཤེས་དོན་དམ་དང་། དབྱིངས་དོན་དམ་དང་གསུམ་པོ་ཡེ་ནས་འདུ་འབྲལ་མེད་པ་ལ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། མདོར་ན་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པའི་དབྱིངས་ནི་འབྲས་དུས་ཀྱི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེ། དེ་ནི་ལྷག་པའི་དོན་དམ་བདེན་པ་ཡིན་ལ། དེའི་རྩལ་སྣང་སྣོད་བཅུད་དུ་སྣང་བ་འདི་རྣམས་ཀྱང་སྐུ་དང་ཡེ་ཤེས་སུ་རང་བཞིན་གྱིས་གནས་ཤིང་བདེན་པར་མ་གྲུབ་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་ལྷག་པའི་ཀུན་རྫོབ་བདེན་པ་སྟེ། བདེན་གཉིས་རེ་རེའི་སྟེང་དུ་ཡང་སྣང་སྟོང་འདུ་འབྲལ་མེད་པར་གནས་ལ། དེ་ཡང་སྐུ་དང་ཡེ་ཤེས་སུ་དག་པའི་ཆ་ནས་ཐུན་མོང་གི་བདེན་གཉིས་ལས་ལྷག་པའོ། །ཞེས་གསུངས་སོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |