87821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་པའི་བསམ་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། ༡ འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་དགེ་བའི་རྩ་བ་ཐམས་ཅད་བསགས་པ་ལ་ཕྱིར་མི་ལྡོག་པར་དབང་བསྒྱུར་བ། ༢ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཚུལ་བསྟན་པ་ལ་ནེམ་ནུར་མེད་པ། ༣ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སྨོན་ལམ་དང་སྤྱོད་པ་ཆེན་པོའི་རྒྱུན་ཡོངས་སུ་འཛིན་པ། ༤ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་འཇུག་པར་བྱ་བ་ལ་ཕུལ་དུ་ཕྱིན་པ། ༥ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྒྱུར་བས་མངོན་སུམ་དུ་གྱུར་པ། ༦ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ཆོས་སྣ་ཚོགས་ཀྱི་ཚུལ་ལ་རབ་ཏུ་ཞུགས་པས་རྒྱ་ཆེ་བ། ༦ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་བརྩམས་པ་ཐམས་ཅད་མཐར་ཕྱིན་པར་བྱེད་པས་གཙོ་བོར་གྱུར་པ། ༨ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། རྣམ་པར་འཕྲུལ་པའི་རྒྱན་ཐམས་ཅད་ལ་དབང་བསྒྱུར་བ། ༩ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སྔོན་གྱི་སྨོན་ལམ་གྱིས་ཡོངས་སུ་བཟུང་བས་ཤིན་ཏུ་བརྟན་པ། ༡༠ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་རྒྱུན་མི་འཆད་པའོ། །
Domain ཆོས་ལུགས།