87825

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་པའི་བསམ་པ་བལྟ་བའི་གནས་གསུམ་ (1)
Part of speech མིང་ཚིག
Definition འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྷག་པའི་བསམ་པ་ནི་གནས་གསུམ་ལ་བལྟ་བར་བྱ་སྟེ། ༡ ལྷག་པའི་བསམ་པ་དང་པོ་ནི། དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་ལས་ཉིད་དུ་ཤེས་པར་བྱའོ། །༢ ལྷག་པའི་བསམ་པ་གཉིས་པོ་ནི། ཆོས་ཡོངས་སུ་ཚོལ་བ་དང་། ཆོས་ལེན་པ་དང་། ཆོས་ཀུན་ཏུ་འཛིན་པར་ནི་བྱེད་ལ་བདག་ཏུ་ལྷག་པར་ཞེན་པ་ནི་མེད་པ་ཉིད་དུ་ཤེས་པར་བྱའོ། །༣ ལྷག་པའི་བསམ་པ་གསུམ་པ་ནི། ཆོས་ཟབ་མོ་མི་སྤོང་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ལ་འཇུག་པ་ཉིད་དུ་མོས་ཤིང་སྒྱིད་ལུག་པ་མེད་པའོ། །
Domain ཆོས་ལུགས།