87829

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་པའི་བསམ་པ་རབ་ཏུ་ཡངས་པ་ཆེན་པོ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པས་གནས་པ་ཡིན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཚད་མེད་པས་གནས་པ་ཡིན། སེམས་ཅན་ཐམས་ཅད་གདུལ་བའི་སྙིང་རྗེ་ཆེན་པོས་གནས་པ་ཡིན། ཞིང་རྣམ་པར་དག་པའི་གནས་བསམ་གྱིས་མི་ཁྱབ་པའི་ཕྱིར་གནས་པ་རྣམ་པར་དག་པས་གནས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ལ་མོས་པ་རྣམ་པར་དག་པས་གནས་པ་ཡིན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐ་དད་པར་མི་བྱེད་པས་གནས་པ་ཡིན། ཆགས་པ་མེད་པའི་མཐའ་བསྒྲིབས་པ་མེད་པས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་། རང་བཞིན་མཚན་ཉིད་མེད་པས་གནས་པ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་འདས་པ་དང་། མ་བྱུང་བ་དང་། ད་ལྟར་བྱུང་བ་ཐམས་ཅད་དང་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པས་གནས་པ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་འཕྲིན་ལས་དང་། གསུང་གི་འཕྲིན་ལས་དང་། ཐུགས་ཀྱི་འཕྲིན་ལས་འདས་པ་དང་། མ་བྱུང་བ་དང་། ད་ལྟར་བྱུང་བ་ཆགས་པ་མེད་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་སྟོན་པའི་ཡེ་ཤེས་སྔོན་དུ་འགྲོ་བས་གནས་པ་ཡིན། དེ་བཞིན་གཤེགས་པ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱི་སྐྱེ་བ་དང་། མངོན་པར་འབྱུང་བ་དང་། སྙིང་པོ་བྱང་ཆུབ་ཏུ་གཤེགས་པ་དང་། མངོན་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་དུས་གསུམ་མཉམ་པ་ཉིད་ཐུགས་སུ་ཆུད་པ་སྐད་ཅིག་གཅིག་གིས་མཐར་འཇུག་པས་གནས་པའོ། །
Domain ཆོས་ལུགས།