87831

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པའི་ཆོས་ཀྱི་སྒོ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། མཚམས་བཟང་པོ་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ལྷག་པའི་བསམ་པའི་ཆོ་ག་ཤེས་པའི་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཡེ་ཤེས་ཀྱི་དུས་ཚོད་ཅེས་བྱ་བའི་ཆོས་ཀྱི་སྒོ། འགྲོ་བའི་དུས་ཚོད་ཀྱི་ཆོ་འཕྲུལ་གྱི་ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ནམ་མཁའ་དང་མཉམ་པར་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། མི་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། མངོན་པར་རྒྱུ་བ་བསགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། བསྙེན་པར་འོས་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། སྦྱིན་པར་དགའ་བ་ལ་མངོན་པར་མོས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། སེམས་དགེ་ཞིང་ལྷག་པའི་བསམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། །
Domain ཆོས་ལུགས།